བོད་ལྗོངས་ནག་ཆུ་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའི་སྒྲིག་གཞི་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ།

རྩོམ་པ་པོ།:ཚེ་རིང་སྒྲོལ་མ། ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2011-09-10 12:14:00 ཀློག་གྲངས།:

            2009ལོ་ནས་བཟུང་། བོད་ལྗོངས་ནག་ཆུ་ས་ཁུལ་གྱི་ཨ་མདོ་དང་། སྙན་རོང་། དཔལ་མགོན་སོགས་རྫོང་གསུམ་ནས་སྔ་གཞུག་ཏུ་རྩྭ་སའི་སྐྱེ་ཁམས་སྲུང་སྐྱོབ་བྱ་དགའི་སྒྲིག་གཞི་ཚོད་ལྟ་བྱ་བ་སྤེལ་བ་དང་། ལོ་གཉིས་ཀྱི་རིང་ལ། འབྲེལ་ཡོད་སྡེ་ཁག་གིས་མཉམ་འབྲེལ་དམ་པོ་བྱས་ཏེ། ཚོད་ལྟ་རྫོང་དང་ཞང་ནས་བྱེད་ཐབས་ཇེ་དྲག་དང་། དངོས་འབེབ་དམ་འཛིན་བྱས་པས། ཚོད་ལྟ་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ།
            ཤེས་པའི་གནས་ཚུལ་ལྟར་ན། ཚོད་ལྟ་རྫོང་གསུམ་གྱི་རྩྭ་སའི་རྒྱ་ཁྱོན་སྡོམ་པས་མུའུ་དུང་ཕྱུར་གཅིག་དང་བྱེ་བ་དགུ་ས་ཡ་གཉིས་འབུམ་ལྔ་ཁྲི་དགུ་ལྷག་ཡོད་པ་དང་། དེས་ནག་ཆུ་ས་ཁུལ་ཡོངས་ཀྱི་རྩྭ་སའི་རྒྱ་ཁྱོན་གྱིས་བརྒྱ་ཆེའི་ཉེར་དགུ་ལྷག་ཟིན་ཡོད། བཀོལ་སྤྱོད་བྱས་ཆོག་པའི་རྩྭ་སའི་རྒྱ་ཁྱོན་དུང་ཕྱུར་གཅིག་དང་བྱེ་བ་བཞི་ས་ཡ་གསུམ་འབུམ་ལྔ་ལྷག་ཟིན་པ་དང་། དེས་ས་ཁུལ་ཡོངས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་རྩྭ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི་བཅུ་བདུན་ལྷག་ཟིན། ཁྱིམ་ཚང་གིས་འགན་གཙང་ལེན་བྱས་པའི་རྩྭ་སའི་རྒྱ་ཁྱོན་མུའུ་དུང་ཕྱུར་གཅིོག་དང་བྱེ་བ་བཞི་ས་ཡ་གསུམ་འབུམ་ལྔ་ལྷག་ཡོད་ཟེར།
 


 

0


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།