མཚོ་སྔོན་གྱིས་བཟའ་བཏུང་དང་སྨན་རྫས་བདེ་འཇགས་ཀྱི་ཚན་རིག་ཤེས་བྱ་དྲིལ་སྒྲོག་བྱེད་ཤུགས་ཆེར་བཏང་བ།
བཟའ་བཏུང་དང་སྨན་རྫས་བདེ་འཇགས་ངང་བཀོལ་བའི་ཚན་རིག་ཤེས་བྱ་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། མི་དམངས་མང་ཚོགས་ཀྱིས་བཟའ་བཏུང་དང་སྨན་རྫས་བདེ་འཇགས་ངང་བཀོལ་བའི་འདུ་ཤེས་དང་ཆུ་ཚད་ཇེ་མཐོར་གཏོང་ཆེད། ད་ལོའི་ཟླ9ཚེས1ཉིན་ནས་བཟུང་། མཚོ་སྔོན་ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་ཞིབ་དོ་དམ་ཅུའུ་ཡིས་མཚོ་སྔོན་ཞིང་ཆེན་ནས་དུས་ཡུན་ཟླ་གཉིས་རིང་གི་ཟས་རིགས་དང་སྨན་རྫས་བདེ་འཇགས་ཤེས་བྱ་དེ་སློབ་གྲྭ་དང་སྡོད་ཁུལ། ཨར་ལས་བཟོ་སྐྲུན་དང་ཞིང་སྡེ། ཁེ་ལས་བཅས་ནས་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རེད།
བྱ་འགུལ་སྤེལ་མགོ་བརྩམས་པའི་ཉིན་དེར་མཚོ་སྔོན་ཞིང་ཆེན་ཟས་རིགས་དང་སྨན་རྫས་ལྟ་ཞིབ་དོ་དམ་ཅུའུ་དང་མཚོ་སྔོན་ཞིང་ཆེན་གྱི་ཁུལ་དང་ས་གནས། གྲོང་ཁྱེར་བརྒྱད་དང་། རྫོང་སོ་དགུའི་ཟས་རིགས་དང་སྨན་རྫས་ལྟ་ཞིབ་དོ་དམ་སྡེ་ཁག་གིས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་སོ་སོ་ནས་བསྡོམས་པས་དྲིལ་སྒྲོག་བྱེད་ས་ཞེ་བརྒྱད་བཙུགས་ནས། ཟས་རིགས་དང་སྨན་རྫས་ཀྱི་བདེ་འཇགས་ཚན་རིག་ཤིས་བྱ་ཁྱབ་གདལ་དྲིལ་སྒྲོག་བྱ་འགུལ་སྤེལ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com