ཀན་སུའུ་ཀན་ལྷོ་ཁུལ་གྱིས་སྐབས་དང་པོའི་རོང་འབྲོག་པའི་ལུས་རྩལ་བྱ་འགུལ་སྤེལ་པ།
ཀན་ལྷོ་ཁུལ་གྱིས་རོང་འབྲོག་པའི་ལུས་རྩལ་བྱ་འགུལ་སྤེལ་པ།
ཉེ་ལམ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གྱིས་སྐབས་དང་པོའི་རོང་འབྲོག་མང་ཚོགས་ཀྱི་ལུས་རྩལ་བྱ་འགུལ་དེ་ཀན་ལྷོ་ཁུལ་གྱི་ལུས་རྩལ་ར་བ་རུ་གཟབ་རྒྱས་ངང་སྤེལ་ཞིང་། རོང་འབྲོག་པའི་ལུས་རྩལ་པ110ལྷག་ཐེངས་འདིའི་ལུས་རྩལ་བྱ་འགུལ་དུ་ཞུགས་པ་རེད།
འདི་ནི་ཐོག་དང་པོར་ཅུང་གྲ་སྒྲིག་ཡོད་པ་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་པའི་རོང་འབྲོག་མང་ཚོགས་གྱི་ལུས་རྩལ་བྱ་འགུལ་ཞིག་ཏུ་སྣང་ལ། སྒང་ལི་སོགས་བྱ་འགུལ་གྱི་ནང་དོན་ཡང་རྣམ་པ་སྣ་ཚོགས་མཆིས་ཤིང་། རྩལ་རྒུ་རྫོགས་པའི་རོང་འབྲོག་ལུས་རྩལ་པས་ཉིན་འདིར་རང་ཉིད་ཀྱི་ཁྱད་ཆོས་ཡོངས་སུ་མངོན་པ་རེད།
འདིས་རྗེས་ཕྱོགས་སུ་རོང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འཚོ་བ་སྔར་ལས་ལྷག་པར་གོང་སྤེལ་དང་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་རྨང་གཞི་བརྟན་པོ་ཞིག་བཏིངས་པ་ཡིན་ལ། ཐུན་མོང་མ་ཡིན་པའི་རོང་འབྲོག་ས་ཁུལ་གྱི་ལུས་རྩལ་རིགས་རྣམས་དར་ཞིང་རྒྱས་བར་བྱེད་པར་དོན་སྙིང་ཆེན་པོ་ལྡན་གྱི་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com