ལྷ་སར་རྒྱལ་སྤྱིའི་རྒྱུག་ལམ་ཕྱེད་ཀའི་རྒྱང་རྒྱུག་འགྲན་སྡུར་སྤེལ་བ།
སྐབས་དྲུག་པའི་རྒྱལ་སྤྱིའི་རྒྱུག་ལམ་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་སློང་འགྲན་སྡུར་ལྷ་ས་ནས་སྤེལ་བཞིན་པ།
ཟླ9བའི་ཚེས10ཉིན། སྐབས་དྲུག་པའི་རྒྱལ་སྤྱིའི་རྒྱུག་ལམ་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་སློང་འགྲན་སྡུར་དེ་ལྷ་ས་ནས་ཚོགས་པ་རེད། སྔ་དྲོའི་ཆུ་ཚོད་དགུའི་སྟེང་ཕོ་བྲང་པོ་ཏ་ལའི་འདབས་སུ་ཤན་འབྱེད་པས་འགོ་རྩོམ་མདའ་སྐད་བརྒྱབ་མ་ཐག་འགྲན་ཞུགས་པ་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་སྔ་བ་སྔོན་མ་རྩོད་བཞིན་མཚོ་ངོས་ལས་མཐོ་ཚད་སྨི3600ཡོད་པའི་ལྷ་ས་གྲོང་ཁྱེར་དུ་རྒྱུག་ལམ་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་འགོ་བརྩམས་པ་རེད།
གཙོ་སྒྲུབ་ལས་ཁུངས་ཀྱི་མཚམས་སྦྱོར་བྱས་པ་ལྟར་ན། སྐབས་འདིའི་འགྲན་སྡུར་སྟེང་མི4936ལྷག་གིས་མིང་ཐོ་བཀོད་ཡོད་ལ། དེའི་ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་འགྲན་ཞུགས་པ་མི4061ཡོད་པ་དང་། ཕྱིའི་ཞིང་ཆེན23གྱི་འགྲན་ཞུགས་པ་བསྡོམས་པས་མི864ཡི་མིང་ཐོ་བཀོད་ཡོད་པ་མ་ཟད། ཀང་ཨོ་ཐེ་ནས་ཡོང་བའི་མི7དང་། ཨ་མེ་རི་ཁ། པོ་ལེན། བལ་བོ་སོགས་རྒྱལ་ཁབ་ཕྱི་ནས་ཡོང་བའི་འགྲན་ཞུགས་པ་ཡང་ཡོད་པ་རེད། ཐེངས་འདིའི་འགྲན་སྡུར་གྱི་འགྲན་ཞུགས་པའི་ཁྲོད་ལོ་ན་ཆེས་ཆེ་བ་ལོ76དང་ཆེས་ཆུང་བ་ལོ13ཡིན་པ་རེད།
ཚ་ཚ་འུར་འུར་གྱིས་འགྲན་སྡུར་བྱས་མཐར། བོད་ལྗོངས་ཀྱི་འགྲན་ཞུགས་པ་རྡོ་རྗེས་སྐྱེས་པའི་རྒྱུག་ལམ་ཕྱེད་ཀའི་འགྲན་སྡུར་གྱི་ཨང་དང་པོ་བླངས་པ་དང་། བོད་ལྗོངས་ཀྱི་ནོར་འཛིན་དབང་མོས་སྐྱེས་མའི་འགྲན་སྡུར་གྱི་ཨང་དང་པོ་བླངས་པ་རེད།
ལྷ་སའི་རྒྱུག་ལམ་ཕྱེད་ཀའི་མ་ལ་སུང་རྒྱང་རྒྱུག་འགྲན་སྡུར་གྱི་ལམ་ཐག་ཡོངས་ནི་སྤྱི་ལེ21.0975ཡིན་ལ། འདི་ནི་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་གྲོང་ཁྱེར་དུ་བསྡུས་པའི་འགྲན་ཚོགས་ཡིན་པས་སྐབས་རེ་རེར་རྒྱལ་ཁབ་ཕྱི་ནང་གི་རྒྱང་རྒྱུག་ལུས་རྩལ་བ་དང་རྒྱང་རྒྱུག་ལ་སྤྲོ་བའི་མི་མང་པོ་འདིའི་ནང་ཞུགས་བཞིན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com