བོད་ཀྱི་གླུ་བ་གླུ་མ་ཚོའི་ལྷན་གཞས《འབའ་ལྷ་དཀར་རྫོང་གི་ལྷན་འཛོམས》།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-14 11:43:00 ཀློག་གྲངས།:


ཆོས་བསྟན།  བཀྲ་ཤིས་ཉི་མ།  ནམ་མཁའ་མཚོ།  མདོ་བ་ཚེ་སྐྱིད།  ཀུན་དགའ།  (གཡོན་ནས་གཡས་སུ་རྩིས་པ།)

            ལོ་གཉིས་ཀྱི་སྔོན་ནས་འབའ་ལྷ་དཀར་རྫོང་གི་ངོ་མཚར་གཏམ་རྒྱུད་ཀྱི་གཞས་གླུ་ཕུལ་པ་ཡིན་ཞིང་།  འདི་ནི་འབའ་ལྷ་དཀར་རྫོང་དྲིལ་སྒྲོག་བྱེད་པ་ཁོ་ན་མ་ཡིན་པར་ད་དུང་བོད་ཀྱི་རིག་གནས་འབྲེལ་འདྲིས་དང་བཅོས་བསྒྱུར་རང་བཞིན་གྱི་གསར་གཏོད་ཅིག་ཡིན་ལ།  འདི་ནི《འབའ་ལྷ་དཀར་རྫོང་གི་ལོག་ཕེབས》ཞེས་པའི་རྗེས་ཀྱི་ཆེད་བསྒྲིགས་གཞས་གླུ་གསར་བ་ཞིག་ཡིན་པ་རེད།


འཕྱོངས་ཞོལ་སྒྲོལ་མ། 


ཆོས་བསྟན། 

            ཆེད་བསྒྲིགས་གཞས་གསར་འདིར་བོད་ཁུལ་གྱི་མིང་དུ་གྲགས་པའི་གླུ་བ་གླུ་མ་དང་། མིང་དུ་གྲགས་པའི་དབྱངས་དང་ཚིག་རྩོམ་མཁན་དག་གི་ནུས་ཤུགས་གང་ཡོད་བཏོན་པའི་འབྲས་བུ་ཞིག་ཏུ་ངེས་ཤིང་།    ཁོ་ཚོས་ཆེས་སྔོན་ཐོན་གྱི་སྒྲིག་ཆས་དང་ཆེས་སྟོབས་ཤུགས་ལྡན་པའི་རུ་ཁག    ཆེས་ལེགས་པའི་ཆེད་ལས་ལག་རྩལ་སོགས་བེད་སྤྱད་དེ་དུས་ཡུན་ལོ་གཅིག་གི་རིང་ལྷོ་ནུབ་ས་ཁུལ་གནས་སྐོར་མཛེས་ལྗོངས་དྲིལ་སྒྲོག་ཆེད་བསྒྲིགས་ཆེས་གཟེངས་སུ་ཐོན་པ་འདི་ལེགས་འགྲུབ་བྱུང་བ་རེད།   འདི་ནི་ཡུན་ནན་ཝིན་ཁྲན་རྒྱལ་ཐང་བྲག་རོང་འབའ་ལྷ་དཀར་རྫོང་གནས་སྐོར་ཀུང་ཟིས་འགྲོ་གྲོན་སྒོར་ཁྲི180ལྷག་གི་མ་དངུལ་བཏང་སྟེ་རྒྱུ་སྤུས་ལེགས་ཤིང་ཚད་རིམ་མཐོ་བའི་བོད་ཀྱི་རིག་གནས་གཏིང་ཟབ་པའི་གནས་སྐོར་དྲིལ་སྒྲོག་ཆེད་བསྒྲིགས་ཤིག་ཡིན། 


མདོ་བ་ཚེ་སྐྱིད་ས་དེའི་མང་ཚོགས་དང་ལྷན་དུ་གར་འཁྲབ་པ། 

            ཐེངས་འདིའི་ཆེད་བསྒྲིགས་སྟེང་།  《འབའ་ལྷ་དཀར་རྫོང་གི་ལྷན་འཛོམས》ནང་གཞས་བཏང་བའི་ཆོས་བསྟན།  ནམ་མཁའ་མཚོ།  མདོ་བ་ཚེ་སྐྱིད།  བཀྲ་ཤིས་ཉི་མ་ལས་གཞན་ད་དུང་གླུ་བ་གྲགས་ཅན་ཀུན་དགའ་དང་དབྱངས་ཅན་ལྷ་མཛེས།  འཕྱོངས་ཞོལ་སྒྲོལ་མ།  ཨ་ཅག་ཚན་སྡེབ།  འཕྲིན་ལས་རྒྱ་མཚོ་སོགས་ཡོད་ཅིང་།   ཁོ་ཚོ་རྒྱལ་ཐང་བྲག་རོང་འབའ་ལྷ་དཀར་རྫོང་གནས་སྐོར་མཛེས་ལྗོངས་ཡུལ་དངོས་ནས་མཛེས་ལྗོངས་དང་རོལ་དབྱངས་ལྷན་དུ་སྦྱར་ཏེ་ས་དེ་གའི་མཛེས་ལྗོངས་ཀྱི་རྣམ་པ་ཚུར་སྣང་བྱས་ཡོད། 


ཀུན་དགའ། 


དབྱངས་ཅན་ལྷ་མཛེས།

            ཟླ8ཚེས15ཉིན་གྱི་སྔ་དྲོའི་ཆུ་ཚོད6:30སྟེང་།  ཕབ་སྐྲུན་རུ་ཁག་ལམ་ལ་ཆས་ཏེ་ཡང་ནས་བསྐྱར་དུ་ཕབ་སྐྲུན་བྱས་ཤིང་།  ཆེས་ལེགས་པའི་ཕབ་སྐྲུན་མཇུག་འབྲས་དེ་མི་རྣམས་ཀྱི་སྤྱན་ལམ་དུ་བསྟར་རྒྱུ་ཡིན་པ་དང་།  འདི་ལྟ་བུའི་གྲོང་གསེབ་ཀྱི་མཛེས་ལྗོངས་ལ་རོལ་བ་ནི་ཇི་འདྲའི་མཚར་སྡུག་ལྡན་པ་ཞིག་ཡིན་པ་ངེས་སུ་འཇུག་རྒྱུར་འབད་པ་གང་ལེགས་བྱས་པ་རེད། 


འཕྲིན་ལས་རྒྱ་མཚོ།

            MTVཕབ་སྐྲུན་ལེགས་འགྲུབ་འབྱུང་བར།  ཁོ་ཚོས་རེ་སྒྲུག་ངང་གྲ་སྒྲིག་གང་ལེགས་སྒོས་རང་བྱུང་ཁོར་ཡུག་གི་གར་སྟེགས་སུ་འགྲེངས་ཏེ་སྐད་ངག་འཛོམས་པོའི་གླུ་གཞས་མགྲིན་གཅིག་ཏུ་གྱེར་ཞིང་།  《འབའ་ལྷ་དཀར་རྫོང་གི་ལྷན་འཛོམས》ལ་སེམས་ཤུགས་མི་དམན་པ་སྐྱེད་པ་རེད།


ནམ་མཁའ་མཚོ། 

གླུ་བ་བཀྲ་ཤིས་ཉི་མ། 

            འབའ་ལྷ་དཀར་རྫོང་གནས་སྐོར་མཛེས་ལྗོངས་ནི་རྒྱལ་ཐང་རྫོང་གི་ནུབ་བྱང་ཕྱོགས་སུ་ཡོད་ལ།  འདི་ཡང་རང་བྱུང་སྐྱེ་ཁམས་གནས་སྐོར་མཛེས་ལྗོངས་ཐོན་ཁུངས་དང་མིས་བཟོས་གནས་སྐོར་ཐོན་ཁུངས་གཉིས་སུ་དབྱེ་པ་རེད།  རང་བྱུང་གླུ་སྐད་ལ་ཉན་ནས་སེམས་ཀྱི་དང་བ་འདྲེན་ཞིང་།  《འབའ་ལྷ་དཀར་རྫོང་གི་ལྷན་འཛོམས》ཞེས་པའི་ཆེད་བསྒྲིགས་གཞས་གསར་མི་འགྱངས་བར་ཚོང་རར་འགྲེམ་རྒྱུ་ཡིན་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།