མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཚོགས་རྒྱུ་ཡིན་པ།
མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པ་བརྒྱུད། མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིན་དང་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ། མཚོ་སྔོན་ཞིང་ཆེན་རོང་འབྲོག་པའི་ལུས་རྩལ་མཐུན་ཚོགས་བཅས་ཀྱིས་གཙོ་སྒྲུབ་བྱེད་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་གཉིས་པའི་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དེ2011ལོའི་ཟླ9བའི་ཚེས19ཉིན་ནས་ཚེས23ཉིན་བར་ཚོགས་རྒྱུ་ཡིན་པ་རེད།
མིག་སྔར་ཟི་ལིང་དང་ཧོང་ཀྲུང་། ལོ་ཏུའུ། གཅན་ཚ། སྟོད་པ་ལུས་རྩལ་རྟེན་གཞི་སོགས་ཀྱི་གྲ་སྒྲིག་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་ཤིང་། ཐེངས་འདིའི་རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ལ་ཁུལ6དང་ཏིས། གྲོང་ཁྱེར། རྫོང14བཅས་ཀྱི་འཐུས་ཚབ་རུ་ཁག72དང་ལུས་རྩལ་པ་སྡོམ་པས1169ཞུགས་བཞིན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com