མཚོ་སྔོན་ཞིང་ཆེན་ཨ་རུ་བོད་སྨན་སྨན་ལས་ཚད་ཡོད་ཀུང་ཟི་ཞེས་པའི་མིང་བསྒྱུར་པ།

རྩོམ་པ་པོ།:བདེ་སྐྱིད་འཚོ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རླུང་འཕྲིན། དུས་ཚོད།:2011-09-15 11:51:00 ཀློག་གྲངས།:

            ཉེ་སྔོན་རྒྱལ་ཁབ་བཟོ་ཚོང་དོ་དམ་སྤྱི་ཁྱབ་ཅུའུ་ཡིས་ཆོག་མཆན་བཀོད་པ་དང་། མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་ཡིས་ཐོ་འགོད་ཆོག་མཆན་བཀོད་པའི་སྔོན་ཆད་ཀྱི་མཚོ་སྔོན་ཨ་རུ་བོད་སྨན་སྨན་ལས་ཚད་ཡོད་ཀུང་ཟི་ཞེས་པའི་མིང་དེ་བསྒྱུར་ནས“ཨ་རུ་བོད་སྨན་མ་རྐང་ཚད་ཡོད་ཀུང་ཟི”ཞེས་བཏགས་པས་མཚོ་སྔོན་ཞིང་ཆེན་གྱི་ཁྱབ་ཁོངས་མེད་པའི་བོད་སྨན་ཐོན་ལས་ཁེ་ལས་ཐོག་དང་པོར་གྱུར།
            ཁེ་ལས་དེ་ནི2000ལོའི་ཟླ10བར་དངུལ་གཏོང་སྒྲིག་གཞིས་མཉམ་དུ་བཙུགས་པའི་མ་རྐང་ཚད་ཡོད་ཀུང་ཟི་ཞིག་ཡིན། ལོ་འགའི་རིང་ལ་ཚན་རིག་འཕེལ་རྒྱས་ལས་རིགས་སྤེལ་ནས་བོད་སྨན་གྱིས་སྨན་བཅོས་བྱེད་པ་དང་། བོད་སྨན་ལ་ཞིབ་འཇུག་བྱེད་པ། བོད་ཀྱི་གསོ་རིག་སློབ་གསོ་དང་། བོད་སྨན་ཐོན་སྐྱེད་བྱེད་པ། བོད་སྨན་རིག་གནས་དང་། ཆ་འཕྲིན་དྲ་རྒྱ། བོད་སྨན་ཐོན་ཁུངས་སྲུང་སྐྱོབ། ཚོང་རར་བཙོང་བ་སོགས་སྣ་ཁ་མང་པོ་གཞི་གཅིག་ཏུ་གྲུབ་པའི་བོད་སྨན་ཐོན་ལས་གཉེར་བའི་མ་ལག་ཅིག་ཆགས་པ་དང་།དེ་ནི་མཚོ་སྔོན་ཞིང་ཆེན་གྱི་ཀྲུང་ལུགས་དང་བོད་སྨན་ཐོན་ལས་ཀྱི་ཁེ་ལས་གཙོ་བོ་ཞིག་ཏུ་གྱུར་ཅིང་། རྒྱལ་ཡོངས་ཀྱི་ལས་རིགས་གཅིག་འདྲའི་ཁྲོད་ཀྱི་ཁེ་ལས་གཙོ་བོ་ཞིག་ཏུ་གྱུར་ཡོད།
            རང་རྒྱལ་གྱི་སྲོལ་རྒྱུན་གྱི་བོད་སྨན་ཐོན་སྐྱེད་ཀྱི་བཟོ་རྩལ་དང་དེང་རབས་ཅན་གྱི་སྨན་ལས་ཚད་གཞི་ལྡན་པའི་བོད་སྨན་ཁེ་ལས་ཤིག་ཡིན་པའི་ཆ་ནས། ཨ་རུ་བོད་སྨན་གྱིས་ཚན་རིག་ལག་རྩལ་ལ་བརྟེན་ནས། ཚན་རིག་ཞིབ་འཇུག་གསར་སྤེལ་དང་བོད་སྨན་ཐོན་ལས་གསར་སྤེལ་བྱེད་པར་ཧ་ཅང་དོ་སྣང་བྱས་པ་དང་། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་སོགས་ཚན་རིག་ཞིབ་འཇུག་སྒྲིག་གཞི་དང་ལོ་མང་པོར་མཉམ་འབྲེལ་བྱས་ནས། བོད་སྨན་ཞིབ་འཇུག་ཐད་ལ་གྲུབ་འབྲས་ཆེན་པོ་བླངས་སྟེ་རྒྱལ་སྤྱིའི་ཆུ་ཚད་མཐོན་པོར་བསླེབས་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།