བོད་ལྗོངས་འཐུས་ཚབ་ཚོགས་པར་མི་རིགས་ལུས་རྩལ་འགྲན་ཚོགས་སྟེང་དུ་བྱ་དགའ་རག་པ།
ཟླ9ཚེས14ཉིན་གསར་འགོད་པས་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དགུ་བའི་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་ལྗོངས་ཀྱི་ན་གཞོན་ལུས་རྩལ་པས་འབད་བརྩོན་ལྷོད་མེད་བྱས་མཐར། བོད་ལྗོངས་ལུས་རྩལ་འཐུས་ཚབ་ཚོགས་པས་ཨང་གཉིས་པའི་རྟགས་མ་བརྒྱད་དང་། ཨང་གསུམ་པ་གསུམ་བཅས་ཀྱི་ཕུལ་བྱུང་གྲུབ་འབྲས་ཐོབ་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་སྟེང་དུ། བོད་ལྗོངས་འཐུས་ཚབ་ཚོགས་པ་དེ་མི 163 གྱིས་གྲུབ་ཡོད་ལ། ཁོང་ཚོ་རྟ་རྩལ་འགྲན་བསྡུར་དང་། མདའ་འཕེན། མི་རིགས་ལུགས་ཀྱི་འཇུ་རེས། གླང་ཆེན་ས་གཤག་བཅས་རྣམ་གྲངས་ཆེན་པོ4དང་ཆུང་བ35 ལ་ཞུགས་ཡོད། གཞན་ཡང་བོད་ལྗོངས་འཐུས་ཚབ་ཚོགས་པས་རས་པ་དང་། བཀྲ་ཤིས་ཞོལ་པ། མདའ་རྩེད། རྡོ་འདེགས་པ་བཅས་རྣམ་གྲངས་ལྔ་འཁྲབ་སྟོན་བྱས། ད་ལྟའི་བར་དུ་བོད་ལྗོངས་འཐུས་ཚབ་ཚོགས་པས་སྐྱེས་པའི་འཇུ་རེས་རྣམ་གྲངས་ཁག་སྟེ། སྤྱི་རྒྱ2དང74ཅན་གྱི་ཡུ་གུར་ལུགས་ཀྱི་འཇུ་རེས་དང་། སྤྱི་རྒྱ 74དང 82ཡན་ཅན་གྱི་བོད་ལུགས་འཇུ་རེས། སྤྱི་རྒྱ82ཅན་གྱི་ཤེད་མོང་འགྲན་བསྡུར་རྣམ་གྲངས་བཅས་ཀྱི་ཁྲོད་ནས་ཨང་གཉིས་པའི་བྱ་དགའ5ཐོབ། གཞན་ཡང་མི་རིགས་སྲོལ་རྒྱུན་འཕྲུལ་གཞུ་སྣ་འདུས་ཚོགས་པའི་འགྲན་བསྡུར་ཁྲོད་དུ་ཨང་གཉིས་པ1དང་། རྟ་རྩལ་རྣམ་གྲངས་ཀྱི་མགྱོགས་ཚད་འགྲན་བསྡུར་སྨི1000ཅན་དང2000ཅན་གྱི་འགྲན་བསྡུར་ཁྲོད་དུ་ཨང་གཉིས་པ་གཉིས། ཚད་མཐུན་འཕྲུལ་གཞུ་སྣ་འདུས་ཚོགས་པའི་འགྲན་བསྡུར་ཁྲོད་དུ་ཨང་གསུམ་པ་གཅིག སྐྱེས་པའི་སྲོལ་རྒྱུན་གཞུ་སྟེ་ཀྲོང་ངེར་ལངས་ནས་འཕེན་པའི་འགྲན་བསྡུར་ཁྲོད་དུ་ཨང་གསུམ་པ་གཉིས་བཅས་ཀྱི་བྱ་དགའ་ཐོབ་པ་རེད།
བོད་ལྗོངས་ལུས་རྩལ་ཅུས་ཚོགས་སྤྱི་ཁྲུའུ་ཡི་ཁྲུའུ་ཀྲང་དབྱང་མིང་ཁྲུན་གྱིས་ངོ་སྤྲོད་བྱ་རྒྱུར། བོད་ལྗོངས་ལུས་རྩལ་འཐུས་ཚབ་ཚོགས་པས་འགྲན་བསྡུར་མ་བྱས་གོང་དུ་ཁྲིན་ཏུ་དང་ཀུའེ་དབྱང་བཅས་ས་ཁུལ་ནས་ཁྲིད་སྟོན་དགེ་རྒན་དང་ལུས་རྩལ་པའི་ཚོགས་འདུ་ཐེངས་གསུམ་བསྡུས་ཏེ། འགྲན་བསྡུར་གྱི་ཐབས་བཀོད་ཞིབ་འཇུག་དང་། ལུས་རྩལ་པའི་བསམ་བློ་གཅིག་གྱུར་བཅས་བྱས། དུས་མཚུངས་སུ་འགྲན་བསྡུར་སྐབས་སུ་ལུས་རྩལ་པར་ཞབས་ཞུ་དང་ཁག་ཐེག་ལས་དོན་གང་ལེགས་བསྒྲུབས་སྟེ། ཁོང་ཚོར་བློ་བདེ་བག་ཕེབས་ངང་འགྲན་བསྡུར་དུ་ཞུགས་ནས་བྱ་དགའ་ལེན་པར་མཐུན་རྐྱེན་བསྒྲུབས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com