མཚོ་སྔོན་བརྙན་འཕྲིན་ཁང་གིས་ད་ལོའི་ལོ་སར་དགོང་ཚོགས་ཀྱི་རིག་རྩལ་བརྩམས་ཆོས་བསྡུ་བའི་བརྡ་ཐོ།
མཚོ་སྔོན་བརྙན་འཕྲིན་ཁང་གིས་ད་ལོའི་ལོ་སར་རིག་རྩལ་དགོང་ཚོགས་ཕབ་སྐྲུན་གྱི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ཆེད། ད་ནས་བཟུང་བོད་ཁུལ་ཡོངས་སུ་དགོང་ཚོགས་ཀྱི་གླུ་གར་རིག་རྩལ་བརྩམས་ཆོས་བསྡུ་བཞིན་ཡོད་དེ། གླུ་གཞས། དམངས་གླུ། རྡུང་ལེན། ཁ་ཤགས། དེ་མིན་གླུ་གར་རུ་ཁག་དང་ཚན་སྡེབ་སོགས་ཀྱི་ཉེ་བའི་བོད་སྐད་རིག་རྩལ་བརྩམས་ཆོས་གསར་བ་སོགས་ཀྱི་ནང་དོན་འདུས་ཤིང་། འདི་དག་ལ་མི་རིགས་དང་ས་གནས་རིག་གནས་ཀྱི་ཁྱད་ཆོས་དོད་པོ་ལྡན་དགོས་ཀྱི་ཡོད།
འདིར་བཏོན་པའི་གཤམ་གསལ་ཆ་རྐྱེན་འགའ།
དང་པོ། བརྩམས་ཆོས་ལ་སྒྱུ་རྩལ་གྱི་ཆ་ལྡན་དགོས་པ་དང་དུས་སྟོན་གྱི་རྣམ་པ་བསྐྱེད་ཐུབ་པའི་རིག་གནས་ཀྱི་སྣང་བརྙན་ཐོན་དགོས།
གཉིས་པ། སྦྲག་ལམ་ནས་སྐུར་བའིDVDདངCDཅན་གྱི་བརྩམས་ཆོས་ཡིན་དགོས་པ་མ་ཟད། སྐུར་མཁན་གྱི་ལོ་རྒྱུས་མཚམས་སྦྱོར་མདོར་བསྡུས་དང་གཞས་ཚིག་ཐམ་ག་ཕབ་དགོས། དགོང་ཚོགས་རྩ་འཛུགས་པས་བརྩམས་ཆོས་ཕྱིར་སྤྲོད་མི་ནུས་པས་རང་ཉིད་ཀྱི་མ་ཡིག་བརྩམས་ཆོས་དང་འབྲེལ་ཡོད་ཡིག་ཆ་བདག་ཉེར་ཡག་པོ་བྱེད་པར་གལ།
གསུམ་པ། དགོང་ཚོགས་ཀྱི་རིག་རྩལ་བརྩམས་ཆོས་བསྡུ་བའི་དུས་ཡུན་ནི2011ལོའི་ཟླ9ཚེས16ནས་ཟླ11ཚེས10བར་ཡིན།
འབྲེལ་གཏུགས་བྱེད་ས། བདེ་མཆོག་རྒྱལ། རྡོ་རྗེ་རྒྱལ་མཚན།
འབྲེལ་གཡུགས་ཁ་པར། 0971 6329226
བརྩམས་ཆོས་སྐུར་གནས། ཟི་ལིང་གྲོང་ཁྱེར་མཁར་ནུབ་སྲང་ལམ་ཨང81། མཚོ་སྔོན་བརྙན་འཕྲིན་ཁང་བོད་སྐད་ལྟེ་གནས། སྦྲག་སྲིད་ཨང་གྲངས། 810001
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com