བོད་ཀྱི་དུངས་བརྗོད་གློག་བརྙན《ཁྱོད་རང་དྲན་པའི་སྟོན་ཁ》ཞེས་པ་ཕབ་འགོ་བརྩམས་པ།
འཁྲབ་སྟོན་མི་སྣ་གཙོ་བོ།
ཕབ་སྐྲུན་བྱེད་བཞིན་པ།
ཕོ་གསར་གྱི་སྣང་བརྙན་ངོམ་པ།
ཕབ་སྐྲུན་ཡུལ་དངོས་ཀྱི་རྣམ་པ།
ཉེ་ལམ། བོད་ཀྱི་ན་གཞོན་སྐོར་ཞིག་གིས་རང་ཉིད་ཀྱི་དཀའ་སྤྱད་དང་འབད་བརྩོན་ལ་བརྟེན་ནས། ཆ་རྐྱེན་ཧ་ཅང་ཞན་པའི་གནས་སྟངས་འོག མདོ་ལྷོ་གློག་བརྙན་བརྙན་འཕྲིན་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་ཡིས་དུང་བརྗོད་གློག་བརྙན《ཁྱོད་རང་དྲན་པའི་སྟོན་ཁ》ཞེས་པ་ཞིག་མདོ་སྨད་ཀན་ལྷོ་བསང་ཆུ་རྫོང་ཆུ་སྔོན་ཞང་ནས་ཕབ་འགོ་བརྩམས་ཤིང་། འདི་ནི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ནམ་རང་མོས་སྙན་ངག་སྲོལ་གཏོད་མཁན་སྐུ་ཞབས་དོན་གྲུབ་རྒྱལ་ལགས་ཀྱི་བརྩམས་སྒྲུང་ལས་བཅོས་སྒྲིག་བྱས་པའི་བོད་ཀྱི་དུང་བརྗོད་གློག་བརྙན་ཞིག་ཡིན།
ཕབ་སྐྲུན་དཔུང་སྡེ།
ཕབ་སྐྲུན་བྱེད་པ།
འཁྲབ་སྟོན་མི་སྣ།
ཕབ་སྐྲུན་གྱི་ལམ་དུ་བསྐྱོད་བཞིན་པ།
གློག་བརྙན་འདིའི་ནང་བོད་ཀྱི་གཞོན་ནུ་ཕོ་མོ་གཉིས་ཀྱི་ལྷད་མེད་ཀྱི་དུངས་བ་ཟབ་མོར་མི་འདོད་པའི་བགེགས་རྐྱེན་བྱུང་བའི་བྱ་རིམ་ཁྲོད། དཀའ་སྡུག་དང་སེམས་ཚགས་ཚད་མེད་མྱངས་བ་གཞིར་བྱས་ཏེ། ཁོ་ཚོའི་འགྱུར་མེད་དྭངས་གཙང་གི་དུངས་བ་དང་། བཟོད་བསྲན་དང་སྒྲུབ་ཕོད་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡིད་རངས་བྱས་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com