བོད་ལྗོངས་འཁྲབ་སྟོན་རྣམ་གྲངས་ཀྱིས་སྐབས་དགུ་བའི་མི་རིགས་ལུས་རྩལ་འགྲན་ཚོགས་སྟེང་བྱ་དགའ་བླངས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-19 11:02:00 ཀློག་གྲངས།:

           ཟླ9ཚེས17ཉིན།  སྐབས་དགུ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འཁྲབ་སྟོན་རྣམ་གྲངས་ལ་དགའ་རྟགས་གནང་བའི་མཛད་སྒོ་དང་གཅེས་བཏུས་དགོང་ཚོགས་དེ་ཀོས་ཀྲོའུ་ལུས་རྩལ་ར་བ་རུ་སྤེལ་ཞིང་། བོད་ལྗོངས་ཀྱི་འགྲན་ཞུགས་པའི་འཁྲབ་སྟོན་རྣམ་གྲངས་ལྔ་ལ་དགའ་རྟགས་ཨང་དང་པོ་གཉིས་དང་།  ཨང་གཉིས་པ་གཉིས།  ཨང་གསུམ་པ་གཅིག་བཅས་ཐོབ་ཅིང་།  དེ་ལས་རྟ་ཐོག་ལུས་རྩལ་དང་བོད་ཤར་རས་པ་གཉིས་ལ་དགའ་རྟགས་ཨང་དང་པོ་དང་།   བཀྲ་ཤིས་ཞོལ་པ་དང་རྡོ་འགྱོགས་འཁྲབ་སྟོན་ལ་ཨང་གཉིས་པ། མདའ་འཕེན་འཁྲབ་སྟོན་ལ་ཨང་གསུམ་པ་བཅས་ཐོབ་པ་རེད།  
           རང་སྐྱོང་ལྗོངས་ལུས་རྩལ་ཅུའི་ཚོགས་སྤྱིའི་འགན་ཁུར་བ་བཀྲ་ཤིས་སྐྱིད་ཀྱིས་བཤད་རྒྱུར།   ཐེངས་འདིར་འཁྲབ་སྟོན་རྣམ་གྲངས100ལྷག་ཡོད་ཅིང་། དེ་ལས་བོད་ལྗོངས་ས་ཁུལ་གྱི་རྣམ་གྲངས5ལ་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཏེ་བྱ་དགའ་ཐོབ་པ་དང་། འདི་ལྟ་བུའི་ལུས་རྩལ་བྱ་འགུལ་ནི་གྲངས་ཉུང་མི་རིགས་ཀྱི་ཐོན་སྐྱེད་འཚོ་བ་དངོས་ལས་བྱུང་ཞིང་ནང་དོན་དང་རྣམ་པ་ཕུན་སུམ་ཚོགས་པ་ཡིན། སྐབས་དགུ་བའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ལ་སྣ་མང་བ་དང་འགྲན་ཤུགས་དྲག་པ། དེ་མིན་འཁྲབ་སྟོན་སྣ་ཚོགས་ཡོད་ཅིང་།  འདིས་མི་རིགས་སོ་སོའི་སྲོལ་རྒྱུན་རིག་གནས་སོགས་ལུས་རྩལ་གྱི་གྲས་སུ་མཐུན་སྦྱོར་བྱས་ཡོད།  ལུས་རྩལ་འགྲན་ཚོགས་འདིའི་རིགས་ནི་རྗེས་ཕྱོགས་གྲངས་ཉུང་མི་རིགས་ཀྱི་ལུས་རྩལ་འགྲན་ཚོགས་ཆེན་མོ་ཞིག་ཏུ་འགྱུར་ངེས་པ་དང་།   མི་རིགས་སོ་སོའི་རིག་གནས་འགྲེམ་སྤེལ་དང་མི་རིགས་རིག་རྩལ་འཁྲབ་སྟོན་སོགས་བྱེད་སའི་གར་སྟེགས་ཤིག་ཏུའང་འགྱུར་ངེས་ཡོད་ཟེར། 
           རྒྱུས་ལོན་བྱས་པ་ལྟར་ན། སྐབས་འདིའི་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འཁྲབ་སྟོན་རྣམ་གྲངས་ལ་རྩལ་འགྲན་པའི་རིགས་དང་། ཐབས་ཤེས་འགྲན་པའི་རིགས།   ཕྱོགས་བསྡུས་ཀྱི་རིགས་བཅས་རྣམ་པ་གསུམ་དུ་དབྱེ་ཞིང་། འགྲན་ཞུགས་ཀྱི་འཁྲབ་སྟོན་རྣམ་གྲངས185ལས་ཨང་དང་པོའི་བྱ་དགའ74དང་། ཨང་གཉིས་པ57། ཨང་གསུམ54བཅས་ཡོད་པ་རེད།    


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།