བོད་ལྗོངས་གྲོ་མོ་རྫོང་ལ་ས་འགུལ་བྱུང་བ།
ཟླ9བའི་ཚེས19ཉིན། བོད་ལྗོངས་གྲོ་མོ་རྫོང་གྲོ་མོ་ཡུལ་ཚོ་གོང་མར་གནོད་འཚེ་ཚབས་ཆེན་ཐེབས་ཚུལ།
ཡུལ་དེའི་སྡེ་མི་རྣམས་ཀྱིས་རས་གུར་ནང་དུ་གནས་བཅས་ནས་སྡོད་པ།
ཟླ9བའི་ཚེས18ཉིན་གྱི་དགོང་མོར་རྒྱ་གར་གྱི་ཞི་ཅིན་པང་ས་ཁུལ་ལ་ཚད་རིམ6.8ཅན་གྱི་ས་འགུལ་བྱུང་སྟེ་བོད་ལྗོངས་གྲོ་མོ་རྫོང་གི་མི7གྱི་ཚེ་སྲོག་ཤོར་བ་དང་། མི་བརྒྱ་ལྷག་ལ་གནོད་སྐྱོན་ཕོག གནོད་འཚེ་ཕོག་པ་ཆེས་ཚབས་ཆེ་བའི་ས་ཁུལ་གྱི་གྲོ་མོ་ཡུལ་ཚོའི་མང་ཚོགས་ཀྱི་སྡོད་ཁང་བརྡིབས་པ་དང་ཡང་ན་ལོག་ཉེན་ཧ་ཅང་ཆེ་བ་རེད།མིག་སྔར་ཡུལ་དངོས་ཀྱི་གནོད་སེལ་རྒུད་སྐྱོབ་ཀྱི་བྱ་བ་སྒྲུབ་བཞིན་པའི་སྒང་རེད།
ཟླ9བའི་ཚེས19ཉིན། བོད་ལྗོངས་གྲོ་མོ་རྫོང་གྲོ་མོ་ཡུལ་ཚོ་གོང་མར་གནོད་སྐྱོན་ཐེབས་ཚུལ།
ཟླ9བའི་ཚེས19ཉིན། བོད་ལྗོངས་གྲོ་མོ་རྫོང་གྲོ་མོ་ཡུལ་ཚོ་གོང་མའི་སྡེ་མི་རྣམས་ལོག་ཉེན་ཆེ་བའི་
ཁང་བ་ནས་གནས་སྤོར་བཞིན་པ།
སྡེ་མི་རྣམས་གནས་སྐབས་སུ་བཀོད་སྒྲིག་བྱས་པའི་རས་གར་ནང་དུ་སྡོད་པ།
ཞིན་ཧྭ་དྲ་བ་ལས་དྲངས་ཏེ་བསྒྱུར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com