ས་ནག་གཞས་ཚོགས་ཀྱི《ས་ཆེན་ཨ་མར་ཕུལ་བའི་གླུ》ཞེས་པ་འགྲེམ་སྤེལ་བྱས་པ།

རྩོམ་པ་པོ།:ཆོས་འཁོར་ཚེ་དཔག་སྐྱབས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-09-20 10:21:00 ཀློག་གྲངས།:


ས་ནག་གཞས་ཚོགས། 

            ཉེ་ལམ།   ས་ནག་གཞས་ཚོགས་ཀྱི་ཆེད་བསྒྲིགས་བརྙན་འཁོར་ཐོག་མ་སྟེ《ས་ཆེན་ཨ་མར་ཕུལ་བའི་གླུ》ཞེས་པ་འདི་ལེགས་འགྲུབ་བྱུང་སྟེ་སྒྱུ་རྩལ་ལ་དུངས་བའི་རྒྱ་ཆེ་བའི་མང་ཚོགས་ཀྱི་སྣང་ངོར་བཀྲམས་ཡོད། 
            ས་ནག་གཞས་ཚོགས་ནི་སློབ་ཆེན་མཐར་ཕྱིན་གྱི་གཞོན་ནུའི་གཞས་ཚོགས་ཤིག་ཡིན་ལ།   ཕུགས་བསམ་འཚོལ་སྙེག་གི་གདམ་ག་ཆེན་མོའི་ཁྲོད་རང་ཉིད་ཀྱི་བརྩེ་སེམས་དང་ཁྱད་ཆོས་ཡོད་ཚད་སྒྱུ་རྩལ་གྱི་ལམ་ལ་དྲངས་བ་དང་།   ཆེས་མཐའ་མའི་ཚེ་སྲོག་གི་དབུགས་ཀྱི་རྒྱུ་བ་ཕྲ་མོའང་འདི་དང་ལྷན་དུ་རྫོགས་སྲིད་པའི་དམ་བཅའ་སྙིང་ལ་བཅངས་ཤིང་།   ཁོ་ཚོར་ལྷན་སྐྱེས་ནས་མངའ་བའི་མགྲིན་པ་བཟང་བོའི་གཤིན་ཐང་དང་དབྱངས་ཀྱི་སྙན་པ་ལ་ཆགས་པའི་མོས་འདུན་ཟབ་མོ་ཆགས་ཡོད་ལ།   མང་པོ་ཞིག་གིས་དགའ་བསུ་དང་བསྟོད་པ་ཆེན་པོ་བྱེད་པས་རེ་བ་དང་ཡིད་ཆེས་ཀྱིས་ཕྱུག་པའི་མཐུན་རྐྱེན་ལེགས་པོ་སྐྲུན་པ་རེད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།