རྟའུ་རྫོང་གི་ཞི་བདེ་ཡུལ་ཚོ་ནས་མི་ཉག་གི་གནའ་རྫས་ཤིག་རྙེད་པ།

རྩོམ་པ་པོ།:དཀོན་མཆོག་རྡོ་རྗེ། ཡོང་ཁུངས།:ཁམས་པའི་དྲ་བ། དུས་ཚོད།:2011-09-20 11:01:00 ཀློག་གྲངས།:


རྟའུ་རྫོང་གི་ཞི་བདེ་ཤང་ནས་རྙེད་པའི་མི་ཉག་གི་རྡོ་བརྐོས་ལྷའི་དབུ།

            ཟླ9བའི་ཚེས9ཉིན།  རྟའུ་རུ་ཞིབ་འཇུག་གནང་བཞིན་པའི་རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་པ་གྲགས་ཅན་ཝུན་ཡུས་ཁྲེང་གིས་ཞི་བདེ་ཡུལ་ཚོའི་སྲས་མཁར་དགོན་པའི་ཤུལ་ནས་མཐོང་དཀོན་པའི་མི་ཉག་གི་རྡོ་བརྐོས་ལྷ་ཡི་དབུ་མགོ་ཞིག་རྙེད་པ་རེད།
            རྡོ་ལྷ་ཡི་དབུ་མགོ་དེ་མཐོ་ཚད་ལི་སྨི15.1དང་ཞེང་ཚད་ལི་སྨི10དང་མཐུག་ཚད་ལི་སྨི502ཡོད་ཅིང་། ངོ་གཟུགས་ཟླུམ་པོ་དང་ཐོད་པ་འབུར་དུ་ཐོན་པ། སྨིན་མ་ཡར་གཟེངས་པ་དང་། སྤྱན་གསུམ་ཡོད་པ། ཤངས་དྲང་ལ་ཤང་ཁུང་ཆེ་བ། ཞལ་བགྲད་ཅིང་མཆེ་བ་གཙིག་པ། ཞལ་སྤུ་ཅུང་ཡོད་ཅིང་། མཁུར་སྒང་གཉིས་གོར་གོར་ཡིན་པ་དང་དབུ་ཐོད་ཐོག་ལ་ཁུང་བུ་ཞིག་ཡོད་པ་སོགས་ཀྱི་ཁྱད་ཆོས་ལྡན།
            ཝུན་ལགས་ཀྱིས་གསུང་རྒྱུར། གཅིག་ནི་ལྷ་ཡི་དབུ་མགོ་དེ་མི་ཉག་བས་མཆོད་གནས་ཀྱི་ལྷ་ཞིག་གམ་ཁོང་ཚོའི་ཕ་མེས་ཀྱི་འདྲ་གཟུགས་ཡིན་པ་དང་། གཉིས་ནི་ལྷའི་དབུ་ཐོད་ཐོག་ལ་ཁུང་བུ་ཞིག་ཡོད་པ་དེ་རུ་སྤོ་སྐབས་སོགས་ཁུར་རྒྱུ་དང་འདོགས་རྒྱུ་བདེ་བའི་ཆེད་དུ་ཡིན། གསུམ་ནི་མཁུར་སྒང་ཐོག་གི་གོར་གོར་དེ་གཉིས་མཐོ་སྒང་གི་ཉི་འོད་ཀྱིས་དམར་གོར་ཆགས་པ་བཏོན་ཞིང་ད་ལྟའང་འབྲོག་པའི་ས་གནས་སུ་མཁུར་ཚོས་བྱུགས་པའི་སྲོལ་རྒྱུན་གནས་ཡོད། བཞི་ནི་ལྷ་ཡི་དབུ་མགོ་བཟོ་སྟངས་དེ་ཆོས་ལུགས་ཀྱི་ཤན་ཞུགས་ཐེབས་ཡོད་ཟེར།
            ཝུན་ལགས་ཀྱིས་བཤད་རྒྱུར།  གནའ་བོའི་ཡིག་རྙིང་ནང་དུ་རྟའུ་སོགས་ཀྱི་ས་གནས་ནི་ཧྥུ་ཞེས་པའི་རྒྱལ་ཁབ་ཀྱི་མངའ་འོག་འདུས་ཤིང་། ལྷོ་ཕྱོགས་སུ་མི་ཉག་རྒྱལ་པོ་ཞེས་པ་ཡོད། དུས་རབས7པའི་ནང་སྲོང་བཙན་སྒམ་པོའི་ནུས་ཤུགས་ཤར་ཕྱོགས་སུ་མཆེད་སྐབས་མི་ཉག་རྒྱལ་པོ་དང་གཉེན་འབྲེལ་བཙུགས་ཞེས་པའི་རྒྱལ་ཁབ་དེ་གཏོར་བའི་ལོ་རྒྱུས་གསལ་པོ་ཡོད་ཅེས་གསུངས།
            ད་ཐེངས་ས་འོག་ནས་བཏོན་པའི་རྡོ་ལས་བཟོས་པའི་དབུ་མགོ་དེ་གནའ་བོའི་དུས་སུ་མི་ཉག་བས་མཆོད་གནས་བྱ་ཡུལ་གྱི་ལྷ་ཞིག་ཡིན་པས་ཕལ་ཆེར་དུས་རབས7པ་ནས་དུས་རབས9པའི་བར་བཟོས་པ་རེད་འདུག་གསུངས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།