དགའ་ལྡན་སུམ་རྩེན་གླིང་དགོན་པའི་འདུ་ཁང་གཙོ་བའི་བཟོ་འགོད་ལེགས་འགྲུབ་འབྱུང་ལ་ཉེ་བ།
དགའ་ལྡན་སུམ་རྩེན་གླིང་དགོན་པའི་འདུ་ཁང་གཙོ་བའི་བཟོ་འགོད་ལེགས་འགྲུབ་འབྱུང་ལ་ཉེ་བ།
ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་སེམས་ཀྱི་ཉི་ཟླ་རྫོང་དུ་ཆགས་ཡོད་པའི་དགའ་ལྡན་སུམ་རྩེན་གླིང་དགོན་པའི་འདུ་ཁང་གཙོ་བོ་སྟེ་གྲྭ་ཚང་འདུ་ཁང་གི་བསྐྱར་སྐྲུན་བཟོ་འགོད་ལེགས་འགྲུབ་འབྱུང་ལ་ཉེ་ཡོད་དེ། ད་ལོའི་ཟླ10བའི་ཟླ་མཇུག་ལ་བཀོལ་སྤྱོད་བྱེད་ཐུབ་རྒྱུ་ཡིན་པས། གྲྭ་བཙུན་དང་བོད་རིགས་དད་ལྡན་མང་ཚོགས་ཀྱིས་ཆོས་ལུགས་ཀྱི་ཆོ་ག་སྤེལ་བར་སྟབས་བདེ་བཟོས།
དགའ་ལྡན་སུམ་རྩེན་གླིང་དགོན་པའི་འདུ་ཁང་གཙོ་བོ2009ལོ་ནས་བཟུང་སྲུང་སྐྱོང་རང་བཞིན་གྱི་བསྐྱར་སྐྲུན་བྱ་བ་སྤེལ་འགོ་བརྩམས་ཤིང་། “སྔར་བཞིན་བཟོ་བཅོས་བྱེད་པའི”རྩ་དོན་ལྟར། སྔོན་ཆད་ཀྱི་རྨང་གཞིའི་སྟེང་སྔར་ལས་འདུ་ཁང་གི་བརྗིད་ཉམས་མངོན་གྱུར་བྱེད་པར་ནུས་ཤུགས་བསྐྱེད། བསྐྱར་སྐྲུན་བྱས་རྗེས་འདུ་ཁང་གི་རྒྱ་ཁྱོན་སྨིས་གྲུ་བཞི་མ4000ལས་བརྒལ་ཡོད་ལ། མིག་སྔར་བཟོ་འགོད་གཙོ་གནད་དག་ཕལ་ཆེར་ལེགས་འགྲུབ་བྱུང་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com