བྱིས་པའི་འཇོན་ཐང་འདོན་སྤེལ་བྱས་ཏེ་འཚར་ལོངས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན།
མི་སུ་ལ་མཚོན་ན་ཡང་། ཆུང་དུས་ནས་བཟུང་རང་གི་འཇོན་ཐང་འདོན་སྤེལ་བྱེད་རྒྱུ་ནི་གཙོ་བོ་ཞིག་ཡིན་ལ། རང་གི་འཇོན་ཐང་དེ་འདོན་སྤེལ་བྱེད་ན་ཕ་མ་དང་དགེ་རྒན། རང་གི་ཁོར་ཡུག་སོགས་ལ་འབྲེལ་བ་དམ་པོ་ཡོད།
གསོ་སྦྱོང་འཛིན་གྲྭ་འདི་ནི་ཐོག་མར་ཐེམ་ཆེན་རྫོང་གི་འབྲེལ་ཡོད་ལས་ཁུངས་དག་གི་རྒྱབ་སྐྱོར་འོག་ས་གནས་ཀྱི་བྱིས་པ་དག་གི་སྒྱུ་རྩལ་ལམ་བུ་ལ་དམིགས་ཏེ་གསར་དུ་བཙུགས་པ་ཞིག་ཡིན་ལ། གཟའ་མཇུག་གི་ངལ་གསོའི་དུས་ཚོད་བེད་སྤྱད་ནས་ཆེད་བསྐོས་དགེ་རྒན་བསོད་ཁོ་དང་ཉི་སྒྲོན་མཚོ་གཉིས་ཀྱིས་བྱིས་པ་ཆུང་ཆུང་དག་ལ་ཞབས་བྲོའི་རྨང་གཞིའི་ཤེས་བྱ་དང་། ཞབས་བྲོའི་གར་གྱི་འཁྲབ་སྟངས་སོགས་ཀྱི་ཐད་ནས་ལག་ལེན་དངོས་དང་ཟུང་འབྲེལ་བྱས་ཏེ་ཁྲིད་ཀྱིན་ཡོད། 2018ལོར་སྔར་གྱི་འཛིན་གྲྭའི་རྨང་གཞིའི་སྟེང་ནས་ཐེམ་ཆེན་རྫོང་གར་གྱི་རྒྱ་མཚོ་ཞབས་བྲོ་གསོ་སྦྱོང་ལྟེ་གནས་སུ་བསྒྱུར་ཏེ།ད་ལོ་ནས་ཐེངས་དང་པོར་གསོ་སྦྱོང་ལྟེ་གནས་འདིའི་སློབ་མ་དག་ཀྲུང་གོ་མི་རིགས་དམངས་ཁྲོད་ཞབས་བྲོའི་སློབ་མ་རིམ་འཕར་གྱི་རྒྱུགས་སྤྲོད་ལ་ཞུགས་ཀྱིན་ཡོད་ལ། ན་ཆུང་བྱིས་པ་དག་ལ་མཚོན་ན་ཆུང་དུས་ནས་བཟུང་རང་གི་འཇོན་ཐང་མངོན་སའི་གར་སྟེགས་བཟང་བོ་ཞིག་བསྐྲུན་ཡོད།
དེ་ཡང་རྒྱུས་ལོན་པ་ལྟར་ན། འདི་ལྟ་བུའི་གར་སྟེགས་བསྐྲུན་པ་འདིས། གཅིག་ན་ན་ཆུང་བྱིས་པ་དག་གིས་ཁོམ་གསེང་གི་དུས་ཚོད་བེད་སྤྱད་ནས་རང་ཉིད་ཀྱི་དགའ་ཕྱོགས་དེ་མངོན་འགྱུར་བྱེད་པར་ཁོར་ཡུག་བཟང་བོ་ཞིག་བསྐྲུན་པར་མ་ཟད། ཞབས་བྲོའི་སྟངས་སྟབས་ཀྱི་རྣམ་པ་དེ་བརྒྱུད་ནས་རང་ཉིད་ཀྱི་ལུས་པོ་དང་སེམས་ཁམས་བདེ་ཐང་ངང་འཚར་ལོངས་འབྱུང་བར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་ཡོད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།