སྨི30ཅན་གྱི“ལང་གྲུའི་གྲོས་མོལ”ཐང་ག
དགེ་རྒན་ཡཱང་ཏན་ཁྲོན་ལགས་ཀྱིས“ལང་གྲུའི་གྲོས་མོལ”གྱི་ཐང་ག་ཆེན་མོ་འབྲི་བཞེངས་བྱེད་བཞིན་པ།
ཉེ་ཆར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་གི་དགེ་རྒན་ཡཱང་ཏན་ཁྲོན་གྱིས་འབྲི་བཞེངས་བྱས་པའི་ཐང་ག་སྟེ“ལང་གྲུའི་གྲོས་མོལ”ཞེས་པ་ལེགས་འགྲུབ་བྱུང་། ཐང་ག་འདིའི་ཞེང་ལ་སྨི1དང་སྲིད་ལ་སྨི30ཡོད་ཅིང་། ལོ་གཉིས་རིང་དུ་འབྲི་བཞེངས་བྱས་པ་ཡིན། ཐང་ག་འདིའི་ཕྱིའི་བཀོད་པའི་ཁྱད་ཆོས་དང་ཚོན་རྩི་བྱུགས་ཐབས་ནི་བོད་ལྗོངས་ཀྱི་ཐང་གའི་འབྲི་ལུགས་ཁྲོད་ལོ་རྒྱུས་ཆེས་རིང་ཞིང་སྙན་གྲགས་ཆེ་བའི་སྨན་ཐང་བའི་བྲིས་རྒྱུན་གྱི་མཛེས་དཔྱོད་ལྟ་བ་སྤྱད་ཡོད་པ་དང་མཚོན་མདོག་ལ་དྭངས་ཤ་ཆེ་ལ། མདོག་མི་འགྱུར་བའི་གཏེར་རིགས་རྒྱུ་ཆས་འབྲི་བཞེངས་བྱས་ཡོད་པ་རེད།
དགེ་རྒན་ཡཱང་ཏན་ཁྲོན་ལགས་ཀྱིས་གཏེར་རིགས་ཀྱིས་བཟོས་པའི་
ཚོན་རྩི་སྣ་མང་སྲེ་སྦྱོར་བྱེད་བཞིན་པ།
དགེ་རྒན་ཡཱང་ཏན་ཁྲོན་ལགས་ཀྱིས“ལང་གྲུའི་གྲོས་མོལ”ཐང་ག་ཆེན་མོ་འབྲི་བཞེངས་བྱེད་བཞིན་པ།
“ལང་གྲུའི་གྲོས་མོལ”གྱི་ཐང་ག་ཆེན་མོ་ལེགས་འགྲུབ་བྱུང་བ།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com