འཆམ་མཐུན་ཡིད་འོང་གི་བོད་ལྗོངས་ཞེས་པའི་མཛེས་རིས་འགྲན་བསྡུར་གྱི་མཐའ་མའི་དཔྱད་འདེམས།
དཔྱད་འདེམས་བྱ་ཡུལ།
ཟླ10བའི་ཚེས10ཉིན་གྱི་ཕྱི་དྲོར། འཆམ་མཐུན་ཡིད་འོང་གི་བོད་ལྗོངས་ཞེས་པའི་མཛེས་རིས་འགྲན་བསྡུར་སྐབས་དང་པོའི་ཆེས་མཐའ་མའི་དཔྱད་འདེམས་བྱ་འགུལ་ཀྲུང་གོའི་བོད་ལྗོངས་དྲ་བའི་གྲོས་ཚོགས་ཁང་ནས་ཛ་དྲག་ངང་སྤེལ་བ་རེད། དཔྱད་འདེམས་པ་ཚོས་བརྩམས་ཆོས་བརྒྱ་ལ་ཉེ་བའི་ཁྲོད་ནས་གསེར་གྱི་རྟགས་མ་ཐོབ་པའི་བརྩམས་ཆོས་རི་མོ5དང་། དངུལ་གྱི་རྟགས་མ་ཐོབ་པའི་བརྩམས་ཆོས་རི་མོ10། ཟངས་ཀྱི་རྟགས་མ་ཐོབ་པའི་རི་མོ20། ཕུལ་བྱུང་བྱ་དགའ་ཐོབ་པའི་རི་མོ20བཅས་བདམས་པ་རེད།
དཔྱད་འདེམས་བྱ་ཡུལ།
ཟླ9བའི་ཚེས26ཉིན་དཔྱད་འདེམས་པ་ཚོས་འགྲན་བསྡུར་དུ་ཞུགས་པའི་བརྩམས་ཆོས་སྟོང་ལྷག་གི་གློག་རྡུལ་པར་གཞིའི་ཁྲོད་ནས། ཐོག་མར་བརྩམས་ཆོས100ཡས་མས་ཙམ་བདམས་ཡོད་པ་དེ་དག་མཐའ་མའི་དཔྱད་འདེམས་སུ་ཞུགས་ཆོག་པ་བྱས། ཚེས10ཉིན་དཔྱད་འདེམས་པ་དྲུག་གིས་བརྩམས་ཆོས་ཀྱི་མ་དཔེ་ལ་དཔྱད་ཞིབ་བྱས་ཏེ། འདེམས་ཤོག་འཕངས་ནས་བྱ་དགའ་ཐོབ་པའི་བརྩམས་ཆོས་བདམས་པ་རེད།
དཔྱད་འདེམས་བྱ་ཡུལ།
འཆམ་མཐུན་ཡིད་འོང་གི་བོད་ལྗོངས་ཞེས་པའི་མཛེས་རིས་འགྲན་བསྡུར་ནི་ཀྲུང་གོའི་བོད་ལྗོངས་དྲ་བ་དང་ཧྲང་ཧའེ་ཕྱི་སྡོད་ཀྲུང་གོ་བའི་ཐེབས་རྩ་ཚོགས་པ་གཉིས་ཀྱིས་གཙོ་སྒྲུབ་བྱས་པ་དང་། རྒྱལ་ཁབ་ཀྱི་གཙོ་ཆེའི་གསར་འགྱུར་དྲ་བ་དང་གྲགས་ཆེ་བའི་ཚོང་ལས་དྲ་བ24ཡིས་རོགས་སྒྲུབ་བྱས། བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་མཛེས་རྩལ་བརྩམས་ཆོས་བརྒྱུད་ནས་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་དྲུག་ཅུའི་རིང་དུ། རང་རྒྱལ་གྱིས་བོད་ལྗོངས་ཀྱི་རིག་གནས་སྲུང་སྐྱོབ་དང་རྒྱུད་འཛིན། འཕེལ་རྒྱས་བཅས་ཀྱི་ཕྱོགས་ལ་ཐོབ་པའི་གྲུབ་འབྲས་འགྲེམ་སྟོན་བྱེད་ཆེད་རེད། བྱ་འགུལ་ཟླ8པའི་ཚེས10ཉིན་པེ་ཅིང་ནས་དངོས་སུ་སྤེལ་འགོ་བརྩམས་པ་ནས་བཟུང་། བསྡོམས་པས་བརྩམས་ཆོས1019བསྡུ་སྒྲིག་ཐུབ་པ་བྱུང་།
དཔྱད་འདེམས་བྱ་ཡུལ་དུ་སྨྱན་སྦྱོར་བ་ཧ་ཅང་མང་བ་དེ་དག་གིས། དཔྱད་འདེམས་བྱ་འགུལ་གྱི་འགོ་མཇུག་གི་གནས་ཚུལ་མཐའ་དག་སྤེལ་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com