རྔ་བ་ཁུལ་ཆུ་ཆེན་རྫོང་ནས་རྡོ་ཆས་གསར་བའི་དུས་སྐབས་ཀྱི་གནའ་ཤུལ་ཞིག་སྙེད་པ།

རྩོམ་པ་པོ།:བསྟན་འཛིན་དབང་གྲགས། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-13 08:43:00 ཀློག་གྲངས།:

         ཉེ་སྔོན། གནའ་རྫས་རྟོག་ཞིབ་མི་སྣ་རྣམས་ཀྱིས་ཆུ་ཆེན་རྫོང་དགའ་གནས་ཡུལ་ཚོའི་ལུག་ཅཱ་སྡེ་བ་ནས་རྡོ་ཆས་གསར་བའི་དུས་སྐབས་ཀྱི་གནའ་ཤུལ་ཞིག་སྙེད་པ་རེད།
         ཐེངས་འདིའི་གནའ་ཤུལ་སྔོག་འདོན་བྱེད་སྐབས་རྡོ་ཆས་དང་རྫ་ཆས། རི་དྭགས་གཅན་གཟན་གྱི་རུས་པ་སོགས་རིག་དངོས་གསར་སྙེད་བྱུང་ཡོད། ཐོག་མའི་དཔྱད་ཞིབ་ལྟར་ན་གནའ་ཤུལ་འདི་ནི་རྡོ་ཆས་གསར་བའི་དུས་སྐབས་སུ་འཁེལ་ཡོད་པས། མི་ལོ་སུམ་སྟོང་ལྷག་གི་ལོ་རྒྱུས་ལྡན་པ་ཞིག་རེད། གནའ་རྫས་རྟོག་ཞིབ་པ་རྣམས་ཀྱིས་བཤད་པ་ལྟར་ན། ས་ངོས་སུ་ཐོན་པའི་རིག་དངོས་ནི་དུས་སྐབས་སྔོན་མའི་མིའི་རིགས་ཀྱི་འཚོ་བར་ཞིབ་འཇུག་བྱེད་རིན་ལྡན་པ་ཞིག་རེད་ཟེར།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།