དཀར་མཛེས་ཁུལ་བསྟན་པ་རྫོང་གིས་རྒྱལ་རོང་བོད་རིགས་ཡུལ་སྡེའི་དུས་སྟོན་སྤེལ་འཆར་ཡོད་པ།
རྒྱལ་རོང་བོད་རིགས་ཡུལ་སྡེའི་དུས་སྟོན།
ཉེ་ལམ། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བསྟན་པ་རྫོང་རྒྱལ་རོང་བོད་རིགས་ཡུལ་སྡེའི་དུས་སྟོན་འགོ་ཁྲིད་ཚན་ཆུང་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་རོང་བོད་རིགས་ཡུལ་སྡེའི་དུས་སྟོན་དེ་ཟླ10བའི་ཚེས25ནས་ཚེས28བར་སྤེལ་རྒྱུ་ཡིན་ཞིང་། འགོ་རྩོམ་མཛད་སྒོ་དེ་རྒྱལ་རོང་རིག་གནས་ཀྱི་ཁྱད་ཆོས་དོད་པོ་ལྡན་པའི་ཡུལ་སྡེ་ཁག་ཏུ་སྤེལ་འཆར་ཡོད་པ་རེད།
ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་ཡུལ་སྡེ་རུ་བསྐྱོད་པ་ཞེས་པའི་བརྗོད་བྱ་དམིགས་སུ་བཟུང་སྟེ། རྒྱལ་རོང་རང་བྱུང་གླུ་གར་དང་། མཛེས་འདེམ་འགྲན་བསྡུར། རྒྱལ་རོང་བུད་མེད་ནར་སོན་པའི་ཆོ་ག་སོགས་གཙོ་བོར་སྤེལ་ཏེ། ཡུལ་སྡེ་མི་རིགས་ཀྱི་རིག་གནས་རྣམ་པ་ལེགས་པོར་བཏོད་ཅིང་རྒྱལ་རོང་བོད་རིགས་ཀྱི་རིག་གནས་ཉིང་བཅུད་ཐོན་རྫས་སྔོག་འདོན་དང་རྒྱུན་འཛིན་བྱེད་པ་རེད།
ཐེངས་འདིའི་དུས་སྟོན་འདི་བདེ་བླག་ངང་སྤེལ་པར། བསྟན་པ་རྫོང་གིས་གྲ་སྒྲིག་བྱ་བ་ཡོངས་སུ་སྒྲུབ་ཅིང་། བྱ་བའི་ཚན་ཆུང་དྲུག་རྩ་འཛུགས་གནང་སྟེ་སོ་སོས་ཁྱབ་བསྒྲགས་གསར་འགོད་དང་། ཁོར་ཡུག་སྲུང་སྐྱོབ། གཞུང་ལམ་འགྲིམ་འགྲུལ། ཚོང་ར་ལྟ་སྐུལ། བདེ་འཇགས་ལྟ་སྐུལ་སོགས་ཀྱི་བྱ་འགན་བཞེས་ལ། དེ་དང་ཆབས་ཅིག་ཏུ་རྫོང་ཡོངས་འབྲེལ་ཡོད་འགན་ལེན་ལས་ཁུངས་ཀྱིས་འོས་འགན་གསལ་སྟོན་དང་དོན་འཁྱོལ་སྒོས་བྱ་འགུལ་ལེགས་འགྲུབ་འབྱུང་ཐུབ་པར་བྱེད་ཅིང་། ད་བར་གྲ་སྒྲིག་བྱ་བ་གོ་རིམ་ལྡན་པའི་ངང་སྤེལ་གྱི་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com