རྩྭ་ཐང་གི་འབོད་སྐུལ་ཞེས་པའི་འོད་སྡེར་ཁྱབ་སྤེལ་དུ་གཏོང་རྒྱུའི་གནས་ཚུལ།
རྒྱལ་སྤྱི་རི་སྐྱེས་སྐྱེ་དངོས་སྲོག་ཆགས་སྲུང་སྐྱོང་ཚོགས་པ་དང་རྨ་ཡུལ་བོད་ཀྱི་སྐྱེས་ཁམས་སམ་བདེ་ཁམས་སྲུང་སྐྱོང་ཚོགས་པ་གཉིས་ཀྱིས་མཉམ་བསྒྲུབ་བྱས་པའི་མ་ཡུམ་རྩང་ཐང་གི་འབོད་སྐུལ་ཞེས་པའི་འོད་སྡེར་མི་འགྱངས་པར་ང་ཚོའི་སྤྱན་ལམ་དུ་འབུལ་རྒྱུ་ཡིན་པ་རེད།
འོད་སྡེར་འདི་ནི་མདོ་དབུས་མཐོ་སྒང་གི་རྩྭ་ཐང་འདི་ཉེ་བའི་ལོ་འགའི་རིང་ལ་ཉམས་རྒུད་དུ་འགྱུར་བཞིན་ཡོད་པར་དམིགས་ནས། བོད་ཀྱི་རྩོམ་པ་པོ་མང་པོས་རྩྭ་སའི་སྐྱེས་ཁམས་འདི་བརྗོད་བྱ་བྱས་ཏེ་སྙན་པའི་ཚིག་དང་། གླུ་བ་གླུ་མ་མང་པོས་དེ་ལ་དབྱངས་དང་སྙན་མོ་ངག་གིས་སྲུང་སྐྱོང་གི་འབོད་སྐུལ་གྱི་གླུ་འབུལ་ནས་མདོ་དབུས་མཐོ་སྒང་བ་འདི་ཡི་སྟེང་རྩྭ་ས་འཚོ་བའི་གཞི་རྟེན་དུ་གྱུར་པའི་དམངས་ཚོགས་རྣམས་ལ་ང་ཚོའི་ཐུན་མོང་གི་མ་ཡུམ་རྩྭ་ཐང་འདིར་སྲུང་སྐྱོང་བྱེད་དགོས་པར་འབོད་སྐུལ་རེ་གནང་ཡོད། ཤེས་ཚོད་ལྟར་ན་གླུ་མ་རིག་འཛིན་སྒྲོལ་མ། སྒྲོན་པེ་དང་གླུ་བ་ཤེར་བརྟེན་སོགས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ཀྱི་བརྗོད་བྱར་གཞིར་བཟུང་བའི་ཆེད་སྒྲིག་འདིའི་ནང་གླུ་གཞས་འབུལ་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com