ཀན་ལྷོ་ཁུལ་བསང་ཆུ་རྫོང་གི་གནས་སྐོར་སྣེ་ལེན་གྱི་མི་གྲངས་སྔོན་ལོ་དང་བསྡུར་ན་ཆེས་ཆེར་འཕར་བ།
ད་ལོར། ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་གིས་བསང་ཆུའི་འགྲམ་རྒྱུད་དང་རྫོང་མཁར། བསང་ཁོག ཧོར་གཙང་ཤང་སྒོ་སོགས་གནད་ས་བྱས་ཤིང་། རྟ་རྒྱུགས་ཐང་དང་རྒན་གྱའི་རྩྭ་ཐང་། དོམ་ལུང་ནང་སོགས་གནས་སྐོར་མཛེས་ལྗོངས་དེའི་ཁར་བསྣན་ནས་བྱེད་ཐབས་ནུས་ལྡན་སྤྱད་དེ། སྤུས་ལེགས་གནས་སྐོར་བཟོ་སྐྲུན་བསྐྲུན་པས་བསང་ཆུ་རྫོང་གི་གནས་སྐོར་ལས་རིགས་ཀྱི་སྤྱིའི་ཆུ་ཚད་མཐོར་འདེགས་བྱུང་།
མིག་སྔའི་བར་དུ། བསང་ཆུ་རྫོང་གིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་འབུམ་གཉིས་དང་ཁྲི་བཞི་ལྷག་ལ་སྣེ་ལེན་བྱས་པ་དེ་དུས་མཉམ་ལས་བརྒྱ་ཆའི་ཉི་ཤུ་ལྷག་འཕར། དེའི་ཁྲོད་དུ་རྒྱལ་ནང་གི་གནས་སྐོར་བ་མི་ཐེངས་འབུམ་གཉིས་དང་ཁྲི་གསུམ་སྟོང་དྲུག་ཡོད་པ་དེ་དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་འཕར་བ་ དང་། ཕྱི་རྒྱལ་གྱི་གནས་སྐོར་བ་མི་ཐེངས་སྟོང་ལྔ་དང་བརྒྱད་བརྒྱ་ ཡོད་པ་དེ་དུས་མཉམ་ལས་བརྒྱ་ཆའི་བརྒྱ་དང་ཉེར་བདུན་འཕར་ལ། གནས་སྐོར་གྱི་ཡོང་སྒོ་སྒོར་བྱེ་བ་དགུ་ས་ཡ་དྲུག་འབུམ་དགུ་ལ་བསླེབས་པ་དེ་དུས་མཉམ་ལས་བརྒྱ་ཆའི་སོ་དྲུག་ལྷག་འཕར་བ་དང་། གནས་སྐོར་གྱི་སྣེ་ལེན་མི་གྲངས་སྔོན་ཆད་དང་བསྡུར་ན་མཐོར་འདེགས་ཆེན་པོ་བྱུང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com