བོད་ལྗོངས་ཐང་གའི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྟེང་ཐང་ག236འགྲེམ་སྟོན་བྱས།
ལྷ་བཟོ་བཀྲ་ཤིས་རྒྱལ་པོ་ལགས་ཀྱིས་ལྷ་སྐུ500ལྷག་གིས་གྲུབ་པའི་ཐང་ག་འབྲི་བཞེངས་བྱེད་བཞིན་པ།
ཐང་གའི་བཟོ་རྩལ་གསར་བ་སྟེ་ཤིང་བརྐོས་ཐང་ག
ཟླ10བའི་ཚེས14ཉིན་འགོ་བརྩམས་པའི་བོད་ལྗོངས་ཐང་གའི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་དེ་བོད་ལྗོངས་ཀྱི་ཐང་ག་འབྲི་བཞེངས་བྱེད་པའི་ལྷ་བཟོ་རྒན་དར་གཞོན་གསུམ་གྱིས་ཕན་ཚུན་བརྗེ་རེས་བྱེད་པའི་སྟེགས་བུ་ཞིག་ཏུ་གྱུར་ཞིང་། སྲུང་འཛིན་ཁྲོད་མུ་མཐུད་དུ་ཡར་རྒྱས་གོང་འཕེལ་གཏོང་བཞིན་པའི་ཐང་གའི་སྒྱུ་རྩལ་དེ་རས་གཞི་དང་། གཡང་ཊི། ཤིང་སྡོང་སོགས་ཀྱི་རྒྱུ་ཆའི་སྟེང་འབྲི་ཐབས་སྣ་ཚོགས་སྤྱད་ཡོད་པས་ང་ཚོའི་མིག་གི་ལོངས་སྤྱོད་ཕུན་སུམ་ཚོགས་པོར་བཏང་ཡོད།
བོད་ལྗོངས་ཐང་གའི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྟེང་གི་བརྩམས་ཆོས་ཁག་ཅིག
ལྷ་བཟོས་ཐང་ག་འབྲི་བཞེངས་བྱེད་བཞིན་པ།
ཐེངས་འདིའི་ཐང་གའི་འགྲེམ་སྟོན་སྟེང་ལྷ་བཟོ118ཀྱི་བརྩམས་ཆོས་ཕུལ་དུ་བྱུང་བ་རྣམས་འགྲེམ་སྟོན་ལ་ཞུགས་ཤིང་། འགྲེམ་སྟོན་སྟེང་སྐྱ་ཐང་དང་འཚེམ་ཐང་སོགས་ཡོད་པ་མ་ཟད། གཡང་ཊིའི་ཐང་ག་དང་ཤིང་བརྐོས་ཐང་ག་ཡང་ཡོད་ལ། དེ་ལས་གཞན་ད་དུང་ལྷ་བཟོ་རྣམས་ཀྱིས་ཐང་གའི་བརྗོད་བྱ་ལྡེབས་རིས་སུ་བཀོད་ནས་འགྲེམ་སྟོན་ལ་ཞུགས་པའང་ཡོད་པ་རེད།
ལྷ་སའི་བར་སྐོར་ནས་ཡོང་བའི་བཀྲ་ཤིས་རྒྱལ་པོས་བཤད་རྒྱུར། ཁོང་གིས་ལོ་ངོ་གཅིག་རིང་ལ་ལྷ་སྐུ500ལྷག་གིས་གྲུབ་པའི་ཐང་ག་ཞིག་འབྲི་བཞེངས་བྱེད་བཞིན་ཡོད་ལ། མི་གང་མང་ཞིག་ལ་ཐང་གའི་གཟི་དཔལ་ཉམས་སུ་མྱོང་ཆེད་ཐང་ག་དེ2011ལོའི་བོད་ལྗོངས་ཐང་གའི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྟེང་དུ་ཞུགས་ནས་ཡུལ་དངོས་སུ་འབྲི་བཞེངས་བྱེད་རྒྱུ་ཡིན་པ་དང་། ལོ་ཕྱེད་ཀའི་ནང་དུ་ལེགས་འགྲུབ་འབྱུང་ངེས་ཡིན་ཟེར།
2011ལོའི་བོད་ལྗོངས་ཀྱི་ཐང་གའི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་གྱི་དུས་ཡུན་ཉིན་ལྔ་མ་གཏོགས་མེད་ཀྱང་། འགྲེམ་སྟོན་ལ་ཞུགས་པའི་ལྷ་བཟོ་རྣམས་ཀྱིས་ཡུལ་དངོས་སུ་ཐང་ག་གཅིག་འབྲི་བཞེངས་བྱེད་པ་དང་། གཞན་ད་དུང་སོ་སོའི་བརྩམས་ཆོས་རེ་འགྲེམ་སྟོན་བྱེད་པའི་བྱ་འགུལ་གྱི་བླང་བྱ་ལྟར་ན་ཐེངས་འདིའི་འགྲེམ་སྟོན་སྟེང་ཐང་ག 236ལྷག་ཡོད་པ་རེད།
བོད་ལྗོངས་ཐང་གའི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྟེང་གི་བརྩམས་ཆོས་ཁག་ཅིག
བོད་ལྗོངས་ཐང་གའི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྟེང་གི་བརྩམས་ཆོས་ཁག་ཅིག
བོད་ལྗོངས་ཐང་གའི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྟེང་གི་བརྩམས་ཆོས་ཁག་ཅིག
བོད་ལྗོངས་ཐང་གའི་རིག་གནས་སྒྱུ་རྩལ་འགྲེམ་སྟོན་སྟེང་གི་བརྩམས་ཆོས་ཁག་ཅིག
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com