དགེ་འདུན་ཆོས་འཕེལ་ལགས་སྐུ་གཤེགས་ནས་ལོ་འཁོར་དྲུག་བཅུ་ལོན་པའི་རྗེས་དྲན་ཚོགས་འདུ་བསྡུས་པ།
དགེ་འདུན་ཆོས་འཕེལ་ལགས་སྐུ་གཤེགས་ནས་ལོ་འཁོར་དྲུག་བཅུ་ལོན་པའི་རྗེས་དྲན།
བགྲོ་གླེང་མཛད་བཞིན་པ།
ཉེ་ལམ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་མཐུན་ཚོགས་དང་དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བས་མཉམ་འབྲེལ་སྒོས་དགེ་འདུན་ཆོས་འཕེལ་ལགས་སྐུ་གཤེགས་ནས་ལོ་འཁོར་དྲུག་བཅུ་ལོན་པའི་རྗེས་དྲན་ཚོགས་འདུ་དེ་དགེ་འདུན་ཆོས་འཕེལ་ཕ་ཁྱིམ་དུ་བསྡུས་ཤིང་། ཨ་མདོ་ས་ཁུལ་གྱི་རྩོམ་པ་པོ་དང་བོད་རིག་པའི་ཆེད་མཁས་པ30ལྷག་ཐེངས་འདིའི་ཚོགས་འདུ་ལ་ཞུགས་པ་རེད།
ཚོགས་ཐོག་ཏུ། ཁོང་ཚོས་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་དང་རིག་གཞུང་བསམ་བློ། བོད་ཀྱི་རྩོམ་རིག་འཕེལ་རྒྱས་སོགས་ཀྱི་ཐད་ནས་སོ་སོས་བསམ་པའི་འཁྱེར་སོ་བཏོན་ནས་བགྲོ་གླེང་གཏིང་ཟབ་ཅིག་མཛད་ཡོད་པ་རེད།
གཏམ་བཤད་གནང་བཞིན་པ།
རྣམ་པ་ཚོ་དགེ་འདུན་ཆོས་འཕེལ་ཕ་ཁྱིམ་དུ་ལྷན་གྱིས་པར་བསྐྱོན་པ།
རྨ་ལྷོ་ཁུལ་དགེ་འདུན་ཆོས་འཕེལ་མཐུན་ཚོགས་ཀྱི་ཚོགས་གཙོ་བསོད་ནམས་རྡོ་རྗེ་ཡིས་མཐུན་ཚོགས་འདིའི་འཕེལ་རྒྱས་ལོ་རྒྱུས་དང་། དགེ་འདུན་ཆོས་འཕེལ་རྩོམ་རིག་དྲ་བའི་སྤྱིའི་རྩོམ་སྒྲིག་པ་བསོད་ནམས་དོན་འགྲུབ་ཀྱིས་དྲ་རྒྱ་འདིས་བོད་ཀྱི་རིག་གནས་གསར་གཏོད་ཞབས་ཞུ་སྒྲུབ་པར་གདེང་འཇོག་དང་དྲ་རྒྱའི་མིག་སྔའི་གནད་དོན་ཐད་ལ་གྲོས་ཞིབ་བྱས་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com