བོད་ལྗོངས་ཁོར་ཡུག་བྱ་དགའ་ཞེས་པའི་ཚོགས་འདུ་ལྷ་ས་ནས་འགོ་ཚོགས་པ།
ཉེ་སྔོན། “བོད་ལྗོངས་ཁོར་ཡུག་བྱ་དགའ”དཔྱད་འདེམས་བྱ་འགུལ་སྐབས་དང་བོ་བོད་ལྗོངས་ལྷ་ས་ནས་འཚོགས་འགོ་ཚུགས་ཤིང་། “བོད་ལྗོངས་ཁོར་ཡུག་བྱ་དགའ”ནི་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཚོགས་པས་རྩ་འཛུགས་བྱས་པའི་བྱ་དགའི་རྣམ་གྲངས་ཤིག་ཡིན་ལ། བོད་ལྗོངས་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་མངའ་ཁོངས་ཀྱི་ཆེས་མཐོ་བའི་བྱ་དགའི་རྣམ་གྲངས་ཤིག་ཀྱང་རེད།
བྱ་དགའ་འདི་བཙུགས་པའི་དམིགས་ཡུལ་ནི་ཁོར་ཡུག་དོ་དམ་དང་། ཞིང་གྲོང་ཁོར་ཡུག་སྲུང་སྐྱོབ། ཁེ་ལས་ཁོར་ཡུག་སྲུང་སྐྱོབ། སྐྱེ་ཁམས་འཛུགས་སྐྲུན་དང་སྲུང་སྐྱོབ། ཁོར་ཡུག་སྲུང་སྐྱོབ་ཐད་དྲིལ་བསྒྲགས་སློབ་གསོ་གཏོང་བ་སོགས་ཀྱི་སྐོར་ལ་བྱས་རྗེས་རླབས་ཆེན་བཞག་ནས་ཕུལ་བྱུང་གྲུབ་འབྲས་ཐོབ་པའི་ཚོགས་པ་དང་མི་སྒེར་ལ་བྱ་དགའ་གནང་བ་དང་གཟེངས་བསྟོད་བྱེད་པའི་ཆེད་རེད།
དཔྱད་འདེམས་བྱ་འགུལ་ལོ་རེར་ཐེངས་གཅིག་འཚོགས་ཀྱི་ཡོད་ཅིང་། བྱ་འགུལ་འགོ་ཚུགས་པའི་དུས་ཚོད་ནི་བརྡ་ཁྱབ་བསྒྲགས་པའི་ནང་ལྟར་ཡིན། མཚམས་སྦྱོར་གོང་འབུལ་ཞུ་བའི་དུས་ཡུན་ཟླ5ཡིན་པ་དང་། སྐབས་དེར་ཐེབས་རྩ་ཚོགས་པའི་དྲུང་ཡིག་ཁྲུའུ་ཡིས་འབྲེལ་ཡོད་ལས་ཁུངས་དང་སྤྱི་ཚོགས་རིམ་པ་སོ་སོར“བོད་ལྗོངས་ཁོར་ཡུག་བྱ་དགའ”དཔྱད་འདེམས་ཀྱི་བྱ་འགུལ་སྤེལ་བའི་བརྡ་ཁྱབ་དང་མཚམས་སྦྱོར་རེའུ་མིག་སྐུར་བ་དང་། དེའི་མཚུངས་སུ་རང་སྐྱོང་ལྗོངས་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་དྲ་ངོས་སུ་བརྡ་ཐོ་དང་མཚམས་སྦྱོར་གོང་འབུལ་ཞུ་བའི་རེའུ་མིག་བཅས་ཁྱབ་བསྒྲགས་བྱ་དགོས་པ་རེད།
རྒྱུས་ལོན་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཐེབས་རྩ་ཚོགས་པའི་རྩ་དོན་ནི། བོད་ལྗོངས་ས་ཁུལ་དུ་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་སྐོར་ལ་དགེ་མཚན་ལྡན་པའི་སྤྱི་ཕན་རང་བཞིན་གྱི་རྣམ་གྲངས་ལག་བསྟར་རམ། རང་འགུལ་གྱིས་ལག་བསྟར་བྱེད་པ་སོགས་བརྒྱུད་ནས། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། མངའ་ཁོངས་འདི་རུ་ཚན་རིག་ཞིབ་འཇུག་དང་། ཁྱབ་བསྒྲགས་སློབ་གསོ། འཇོན་མི་གསོ་སྦྱོང་དང་རིག་གཞུང་བགྲོ་གླེང་སོགས་ཀྱི་བྱ་འགུལ་སྤེལ་བ་དང་། བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལས་དོན་དུ་མཛད་རྗེས་རླབས་ཆེན་བཞག་པའི་རྩ་འཛུགས་དང་མི་སྒེར་ལ་རོགས་དངུལ་སྤྲོད་པའམ་གཟེངས་བསྟོད་བྱེད་པར་བརྟེན་ནས། བོད་ལྗོངས་ས་ཁུལ་གྱི་སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལས་དོན་བདེ་བླག་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དེ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com