བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱིས་ཁམས་སྐད་རླུང་འཕྲིན་ལོ10འཁོར་བའི་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ཚེ་སྒྲོན་གྱིས་བསྒྲིགས། ཡོང་ཁུངས།:བོད་ལྗོངས་རླུང་འཕྲིན་དྲ་བ། དུས་ཚོད།:2011-10-18 10:45:00 ཀློག་གྲངས།:


ཚོགས་རའི་གནས་ཚུལ།

         སྤྱི་ཟླ10པའི་ཚེས16ཉིན་གྱི་སྔ་དྲོ།  བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཀྱི་ཁམས་སྐད་རླུང་འཕྲིན་གཏོང་འགོ་ཚུགས་ནས་ལོ10འཁོར་བའི་བཞུགས་མོལ་ཚོགས་འདུ་ལྷ་སར་འཚོགས་པ་རེད།
         བཞུགས་མོལ་ཚོགས་འདུའི་ཐོག    རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུའུ་ཏང་ཨུའི་ཨུ་ཡོན། བོད་ལྗོངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་ཏང་ཨུ་ཧྲུའུ་ཅི། དབུ་འཛིན་ལེའུ་གྲང་ཅང་གིས་གསུང་བཤད་གནང་བ་དང་།  ཁོང་གིས་སྤྱི་ལོ2001ལོའི་ཟླ10པའི་ཚེས1ཉིན་བོད་ལྗོངས་རླུང་འཕྲིན་ལས་ཁུངས་ཀྱི་ཁམས་སྐད་རླུང་འཕྲིན་དངོས་སུ་གཏོང་འགོ་ཚུགས་པ་ནས་བཟུང་།  ལོ་བཅུའི་ནང་རིམ་ཁག་དབུ་ཁྲིད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར།  དེ་བཞིན་ཁམས་སྐད་རླུང་འཕྲིན་གྱི་ལས་མི་ཡོངས་ཀྱི་འབད་བརྩོན་འོག་རིམ་བཞིན་གོང་འཕེལ་སྟོབས་ཆེར་ཕྱིན་ནས་རྒྱ་ཆེའི་ཁམས་སྐད་རླུང་འཕྲིན་ཉན་མཁན་ཚོར་ཏང་དང་རྒྱལ་ཁབ་དང་།  རང་སྐྱོང་ལྗོངས་ཀྱི་བྱ་ཐབས་སྲིད་ཇུས་རབ་དང་རིམ་པ་དྲིལ་བསྒྲགས་བརྒྱུད་གཏོང་བྱས་ཡོད་པ་མ་ཟད།  ཕུལ་བྱུང་གི་ལེ་ཚན་སྣ་ཚོགས་གཉེར་བ་རྒྱུད་བོད་ལྗོངས་ཀྱི་སྔོན་ཐོན་རིག་གནས་དང་།  སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པའི་འཕེལ་རྒྱས་གསར་པ་དང་འགྱུར་ལྡོག་གསར་པ།  འཚོ་བ་གསར་པ་བཅས་མངོན་གང་ཐུབ་བྱས་ཡོད་པས་གླེང་ཕྱོགས་དང་བསམ་བློའི་འཐབ་ས་བཟུང་རྒྱུའི་ཐད་གལ་ཆེའི་ནུས་པ་འདོན་སྤེལ་བྱས་ཡོད། 
         སླད་ཕྱིན་ཁམས་སྐད་རླུང་འཕྲིན་གྱིས་མུ་མཐུད་དུ་བཟང་ཆ་འདོན་སྤེལ་བྱས་ཐོག   སྔར་ལས་ལྷག་པའི་ཕུལ་བྱུང་གི་བརྩམ་བྱ་དང་ལེ་ཚན་གྱི་ཐོག་ནས།  རྒྱ་ཆེའི་ཁམས་སྐད་རླུང་འཕྲིན་ཉན་མཁན་གྱི་དགོས་མཁོ་ཁག་སྐོང་གང་ཐུབ་བྱེད་པ་དང་།  ཁམས་སྐད་རླུང་འཕྲིན་མུ་མཐུད་ཡག་ཐོག་ཡག་བརྩེགས་ཡོང་རྒྱུར་འབད་པ་ལྷོད་མེད་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན།  ལོ་བཅུའི་ནང་ཁམས་སྐད་རླུང་འཕྲིན་གྱིས་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དང་དེ་རིང་གི་དོན་གནད།  བྱིས་པའི་ལམ་ཡིག་སོགས་གཙོ་དོན་མངོན་གསལ་དོད་ལ་ཁྱད་ཆོས་འབུར་དུ་ཐོན་པ་དང་།  རྒྱ་ཆེའི་རླུང་འཕྲིན་ཉན་མཁན་གྱིས་དགའ་པོ་བྱེད་པའི་རླུང་འཕྲིན་ལེ་ཚན20ལྷག་ཙམ་བཏོན་ཡོད།  ལོ་བཅུའི་ནང་ཁམས་སྐད་རླུང་འཕྲིན་གྱི་བརྩམ་བྱ་ཁག132ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་རྒྱལ་ཡོངས་ཀྱི་བོད་སྐད་རླུང་འཕྲིན་བརྙན་འཕྲིན་གྱི་ཕུལ་བྱུང་ལེ་ཚན་དཔྱད་འདེམས་བྱ་དགའ།  བོད་རང་སྐྱོང་ལྗོངས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཁོངས་གཏོགས་ཀྱི་བྱ་དགའ་སོགས་རག་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།