སྐབས་བདུན་པའི་ཡར་ཀླུང་གཙང་བོའི་གྲོག་རོང་རིག་གནས་ཡུལ་སྐོར་དུས་ཆེན་འགོ་བརྩམས་པ།
མདོ་འཛིན་པ་རྣམ་གཉིས།
ཟླ10བའི་ཚེས18ཉིན་གྱི་ཕྱི་དྲོའི་ཆུ་ཚོད20སྟེང་། སྐབས་བདུན་པའི་ཡར་ཀླུང་གཙང་བོའི་གྲོག་རོང་རིག་གནས་ཡུལ་སྐོར་དུས་ཆེན་དང་མངའ་རིས་དངུལ་གཏོང་ཚོང་འབྲེལ་གྲོས་མོལ་ཚོགས་འདུ་དེ་བོད་ལྗོངས་སློབ་གྲྭ་ཆེན་མོའི་ཞིང་ཕྱུག་སློབ་གླིང་གི་ལུས་རྩལ་ར་བ་རུ་གཟབ་རྒྱས་ངང་ཚོགས་ཤིང་། ཉིང་ཁྲི་ས་ཁུལ་གྱི་ཁུལ་ཨུའི་ཧྲུའུ་ཅི་ཀྲོའོ་ཧི་དང་ཉིང་ཁྲི་ས་ཁུལ་གྱི་སྒྲོལ་དགའ། དེ་མིན་ས་ཁུལ་ཕྱི་ནང་གི་སྐུ་མགྲོན་རྣམས་ཐེངས་འདིའི་བྱ་འགུལ་ལ་ཞུགས་པ་རེད།
འགོ་རྩོམ་མཛད་སྒོའི་སྟེང་གི་འཁྲབ་སྟོན།
རྒྱུས་ལོན་བྱུང་བ་ལྟར་ན། ཡར་ཀླུང་གཙང་བོ་གྲོག་རོང་རིག་གནས་ཡུལ་སྐོར་དུས་ཆེན་ནི་བོད་ལྗོངས་ཀྱི་ཆེས་གལ་ཆེ་བའི་དུས་སྟོན་ཞིག་ཡིན་ཞིང་ད་ལྟའི་བར་དུ་བྱ་འགུལ་འདི་ཐེངས་དྲུག་ལ་སྤེལ་པར་གྲགས། སྐབས་བདུན་པའི་ཡར་ཀླུང་གཙང་བོའི་གྲོག་རོང་རིག་གནས་ཡུལ་སྐོར་དུས་ཆེན་འདི་ཟླ10བའི་ཚེས18ནས་ཚེས24བར་མཛེས་སྡུག་ལྡན་པའི་ཉང་ཆུའི་འགྲམ་དུ་སྤེལ་པར་གཏན་འཁེལ་བྱས་ཤིང་། ཐེངས་འདིའི་རིག་གནས་ཡུལ་སྐོར་དུས་སྟོན་དང་མ་དངུལ་གཏོང་བའི་ཚོང་འབྲེལ་གྲོས་མོལ་ཚོགས་འདུ་ཡིས“ཟླ་བཅུ་བའི་གསེར་མདོག་གི་སྟོན་ཁ། མཛེས་ལྗོངས་ལྡན་པའི་ཉིང་ཁྲི།” “ཉང་ཁྲི་ལ་བསྐྱོད་དེ་ལྷན་དུ་མཛེས་སྡུག་བསྐྲུན་པ”ཞེས་པ་བརྗོད་བྱ་རུ་བཟུང་སྟེ། གཟབ་རྒྱས་ལྡན་པའི་འགོ་རྩོམ་མཛད་སྒོ་དང་བརྗོད་བྱའི་དགོང་ཚོགས་ཚོགས་པ་རེད། དགོང་ཚོགས་འདིའི་སྟེང་གནའ་དེང་གི་བྲོ་གར་སྣ་མང་ཕུན་སུམ་ཚོགས་ཤིང་། དེང་རབས་གླུ་གཞས་དང་དམངས་ཁྲོད་གླུ་གཞས་སོགས་གླུ་གཞས་ཀྱི་རིགས་ཀྱང་ཤིན་ཏུ་མང་པོ་འདུག་པ་དང་། དབང་མོ་དང་། མཐོ་སྒང་བུ་མོའི་ཚན་སྡེབ་སོགས་མིང་གྲགས་གླུ་བ་གླུ་མ་གང་མང་གདན་འདྲེན་བྱས་ཏེ་དགོང་ཚོགས་ལ་སྤྲོ་སེམས་རབ་ཏུ་འཁོལ་བའི་རྣམ་པ་ཞིག་བསྩལ་བྱུང་བ་རེད།
གཟིགས་མོ་བ་ལྷན་རྒྱས།
སྐབས་དགུ་བའི་མ་དངུལ་གཏོང་བའི་ཚོང་འབྲེལ་གྲོས་མོལ་ཚོགས་འདུ་ཡིས་ས་གནས་དེ་དང་འཚམ་པའི་ཐོན་ལས་ཕྱོགས་སྟོན་གྱི་ནང་འདྲེན་ལས་གཞི17བཏོན་ཞིང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར10.36གཏོང་བ། མཚམས་སྦྱོར་ལས་གཞི32དང་རགས་རྩིས་མ་དངུལ་སྒོར་དུང་ཕྱུར8.57བཏང་བ་ཡིན་ཏེ། ཡུལ་སྐོར་ལས་རིགས་དང་། བོད་ཀྱི་གསོ་རིགས། སྡོད་ཁང་འཛུགས་སྐྲུན་སོགས་ཀྱི་ཁྱབ་ཁྱོངས་སུ་ཁེབས་ཡོད་ཅིང་། དེ་མིན་ཅུང་ཁྱབ་ཆེ་བའི་ཁྱད་འཕགས་ཐོན་རྫས་ཚོང་ར་དང་། རླངས་འཁོར་འགྲེམ་སྟོན་སོགས་སྤེལ་འཆར་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com