དཀར་མཛེས་ཁུལ་ནི་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་ཁུལ་ཐོག་མར་གྱུར་པ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་ཁྲིན་ཏུའུ་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅུ་གཉིས་པར་ཞུགས་པའི་གསར་འགྱུར་ཡོངས་བསྒྲགས་ཀྱི་ཚོགས་འདུ་འཚོགས་ཤིང་། སི་ཁྲོན་ཞིང་ཆེན་སྲིད་གཞུང་གི་དྲུང་ཆེ་གཞོན་པ་ཁྲེང་པའོ་མིང་དང་། སི་ཁྲོན་ཞིང་ཆེན་དངོས་མང་སྟོན་ཚོགས་ཅུའུ་ཡི་འགོ་གཙོ་གཞོན་པ་ཝང་མེན། དཀར་མཛེས་ཁུལ་ཨུ་རྒྱུན་ཨུ་དྲིལ་བསྒྲགས་པུའུ་ཀྲང་དབྱང་ཤིའུ་པིན། དཀར་མཛེས་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་པི་ཧྲེ་ཞང་སོགས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་ཕེབས་ཡོད་པ་རེད། ཡོངས་བསྒྲགས་ཚོགས་འདུ་དེ་སི་ཁྲོན་ཞིང་ཨུ་དྲིལ་བསྒྲགས་པུའི་འགོ་གཙོ་གཞོན་པ་ཤེས་དཔལ་གཞུང་དོན་ཁང་གི་ཀྲུའུ་རིན་ཙོའུ་ཅི་ཞང་གིས་གཙོ་སྐྱོང་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྱི་ཆེད་བཙུགས་ཁུལ་རིམ་པའི་རང་སྐྱོང་ཁུལ་ཐོག་མ་དེ་ཡིན་པ་དང་། སི་ཁྲོན་གྱི་བོད་རིགས་འདུས་སྡོད་ཁུལ་གཙོ་བོ་དང་། རྒྱལ་ཡོངས་བོད་རིགས་ས་ཁུལ་ཆེན་པོ་གཉིས་པའི་ལྟེ་བའི་ཁུལ། འབྲི་ཆུའི་སྟོད་རྒྱུད་ཀྱི་སྣོད་བཅུད་སྲུང་ཡོལ་བཅས་ཡིན་པས་རྒྱལ་ཡོངས་སུ་གལ་འགངས་ཤིན་ཏུ་ཆེ་བའི་སྣོད་བཅུད་ཀྱི་གནས་བབ་དང་། ཆབ་སྲིད་ཀྱི་གནས་བབ། དཔལ་འབྱོར་གྱི་གནས་བབ་བཅས་བཟུང་ཡོད། དཀར་མཛེས་ཁུལ་ལ་ཕྱི་ཕྱོགས་སུ་སྔར་བས་སྒོ་མོ་འབྱེད་རྒྱུ་དང་། སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ། མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བཅས་ཀྱི་ཐད་རྒྱབ་སྐྱོར་བྱ་ཆེད་འདི་ལོ་སི་ཁྲོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་། ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་གཙོ་འགན་བཞེས་བའི་ཨུ་ཡོན་ལྷན་ཁང་གིས་དཀར་མཛེས་ཁུལ་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཀྱི་བརྗོད་བྱ་གཙོ་བོའི་ཁུལ་ཐོག་མར་བརྩི་རྒྱུར་ཐག་བཅད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com