རྒྱལ་ཁབ་ཀྱིས་སྒོར་ཁྲི850བཏང་ནས་མཚོ་སྔོན་པོའི་བརླན་ས་ལེགས་བཅོས་བྱེད་པའི་ལས་གཞི་སྤེལ་འགོ་བརྩམས་པ།

རྩོམ་པ་པོ།:རྡོ་རྗེ་བསམ་འགྲུབ། ཡོང་ཁུངས།:ཞིན་ཧྭ་དྲ་བ། དུས་ཚོད།:2011-10-22 11:13:00 ཀློག་གྲངས།:

         ཟླ10བའི་ཚེས17ཉིན། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུའུ་དང་རྐང་ཚ་རྫོང་། ཧེ་ཡན་རྫོང་། ཐེམ་ཆེན་རྫོང་བཅས་རྫོང་གསུམ་གྱི་འབྲེལ་ཡོད་ཕྱོགས་ཀྱིས《མཚོ་སྔོན་པོའི་བརླན་ས་སྲུང་སྐྱོང་ཁ་གསབ་བྱ་བའི་འགན་ལེན་ཡི་གེ》སྟེང་མིང་ཐོ་བཀོད་པ་དང་། རྒྱལ་ཁབ་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི850བཏང་བའི་མཚོ་སྔོན་པོའི་བརླན་ས་ལེགས་བཅོས་བྱེད་པའི་ལས་གཞི་དངོས་སུ་སྤེལ་འགོ་བརྩམས་པ་རེད།
         གསར་འགོད་པས་ཉིན་དེར་བསྡུས་པའི་མཚོ་སྔོན་པོའི་བརླན་ས་ལེགས་བཅོས་བྱེད་པའི་ཁ་གསབ་མ་དངུལ་ལས་གཞི་བྱ་བའི་ཚོགས་འདུའི་སྟེང་རྒྱུས་ལོན་པ་ལྟར་ན། མ་དངུལ་སྒོར་ཁྲི850བཏང་བའི་མཚོ་སྔོན་པོའི་བརླན་ས་ལེགས་བཅོས་བྱེད་པའི་ལས་གཞིའི་མ་དངུལ་ཚང་མ་ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་མ་དངུལ་ཡིན་པ་དང་འཛུགས་སྐྲུན་དུས་ཡུན་ལོ་གཉིས་ཡིན་ལ། གཙོ་བོ་མཚོ་སྔོན་པོའི་མཐའ་འཁོར་གྱི་ནེའུ་གསེང་དང་བརླན་ས་མུའུ་ཁྲི13བསྡམས་སྐྱོང་བྱས་ཏེ་སྲུང་སྐྱོང་དང་སླར་གསོ་བྱེད་པའི་ཐད་བཀོལ་རྒྱུ་རེད། ལས་གཞི་དེ་མཚོ་སྔོན་པོ་སྲུང་སྐྱོང་ཁུལ་གྱི་བྱ་གླིང་དང་མཚོ་སྙིང་། བུ་ཧ་ཆུ་བོའི་ཟུར་གསུམ་ས་ཁུལ། བུ་ཧ་ཆུ་བོའི་ཆུ་མདོ་བཅས་དང་། ཐེམ་ཆེན་རྫོང་གི་ཞིན་ཡོན་གྲོང་རྡལ་དང་རྐང་ཚ་རྫོང་གི་ཁྱོན་རྒྱས་ཡུལ་ཚོ་། ཧེ་ཡན་རྫོང་གི་ཀན་ཙི་ཧི། གསེར་ཆེན་རྫོང་གི་སྤྲེའུ་ནག་ཡུལ་ཚོ་དང་རྟ་ནག་མ་ཡུལ་ཚོ་སོགས་ས་ཁུལ་གྱི་རྫོང4དང་ས་ཁོངས10ལ་ཁྱབ་ཡོད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།