མགོ་ལོག་མི་རིགས་གླུ་གར་ཚོགས་པ་ཧྲང་ཧེ་པའོ་ཧྲན་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་ལ་ཞུགས་པ།

རྩོམ་པ་པོ།:ཚེ་དབང་ཐར། ཡོང་ཁུངས།:མགོ་ལོག་ཁུལ་སྲིད་གཞུང་དྲ་བ། དུས་ཚོད།:2011-10-23 11:56:00 ཀློག་གྲངས།:
         ཉེ་ལམ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་ཁུལ་གཙོ་གཞོན་པ་ཀྲུའུ་ལིས་ཧྥུའུ་དང་ཁུལ་རིག་རྩལ་ཅུས། ཁུལ་གླུ་གར་ཚོགས་པའི་འགན་ཁུར་མི་སྣའི་དབུ་ཁྲིད་འོག   མགོ་ལོག་ཁུལ་འཐུས་ཚབ་ཚོགས་པ་ཧྲང་ཧེ་པའོ་ཧྲན་ས་ཁུལ་དུ་ཕྱིན་ཏེ་སྐབས་བདུན་པའི་ཧྲང་ཧེ་པའོ་ཧྲན་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་ལ་ཞུགས། འདི་ནི་ཐེངས་འདིའི་འཐུས་ཚབ་ཚོགས་པ13ཁྲོད་རྒྱལ་ནང་གི་འཐུས་ཚབ་ཚོགས་པ་གཅིག་པུ་ཡིན།
         མགོ་ལོག་ཁུལ་འཐུས་ཚབ་ཚོགས་པས་པའོ་ཧྲན་ས་ཁུལ་རིག་གནས་ཁང་དུ་སྐབས་བདུན་པའི་ཧྲང་ཧེ་པའོ་ཧྲན་རྒྱལ་སྤྱིའི་དམངས་ཁྲོད་སྒྱུ་རྩལ་དུས་ཆེན་གྱི་ཐོག་མའི་འཁྲབ་སྟོན་བྱས་པ་དང་། འཁྲབ་སྟོན་མི་སྣས་སྐྱེ་སྟོབས་ཀྱིས་ཁེངས་བའི་རྣམ་པ་དང་སྤྲོ་སེམས་ཀྱིས་འཕྱོ་བའི་གླུ་སྐད། མཛེས་སྡུག་དང་དཔའ་སྤོབས་ཀྱིས་སྤྲས་པའི་སྟངས་སྟབས། མཛེས་སྡུག་འཕྱོར་སྒེག་གི་མི་རིགས་གྱོན་གོས་སོགས་ཕྱིའི་ཚབ་ཚོགས་དང་སྨྱན་གཟུགས་མང་པོའི་གཟིགས་གནས་སུ་གྱུར་ཞིང་། དུས་མཚུངས་སུ། འཐུས་ཚབ་ཚོགས་པའི་འཁྲབ་སྟོན་བྱས་པའི་བོད་རིགས་ཞབས་བྲོ《མཐོ་སྒང་གི་སྟངས་སྟབས》དང་། གདོད་མའི་དམངས་གླུ《གནམ་མཐའི་རྨ་ཡུལ》། སྐྱེས་པའི་མཉམ་ལེན《དཔའ་བོའི་གཏམ་རྒྱུད》སོགས་ལེ་ཚན་གྱིས་ལྟད་མོ་བའི་དགའ་སྤྲོའི་ཐལ་མོས་ཁེངས་བར་བྱས་ལ། རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེ་བའི་ལྟ་མོ་བ་རྣམ་པས་གདེང་འཇོག་ཆེན་པོ་ཐོབ།
         སྒྱུ་རྩལ་དུས་ཆེན་གྱི་སྐབས་སུ། མགོ་ལོག་ཁུལ་འཐུས་ཚབ་ཚོགས་པས་ཉིན་བདུན་གྱི་དུས་ཚོད་ནང་ཆེད་དུ་པའོ་ཧྲན་ས་ཁུལ་གྱི་ཡུལ་ཚོ་གྲོང་རྡལ་ཁག་དང་སློབ་གྲྭ    སྤྱི་ཁུལ་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།