ངོས་དང་པོ > སྐབས་དོན། > སྣ་ཚོགས། > སྐབས་དང་པོའི“འཆམ་མཛེས་བོད་ལྗོངས”ཞེས་པའི་བརྩམས་ཆོས་འགྲེམ་སྟོན་འགོ་རྩོམ་གྲབས་ཡོད་པ།
སྐབས་དང་པོའི“འཆམ་མཛེས་བོད་ལྗོངས”ཞེས་པའི་བརྩམས་ཆོས་འགྲེམ་སྟོན་འགོ་རྩོམ་གྲབས་ཡོད་པ།
རྩོམ་པ་པོ།:བདེ་ཆེན་མཚོ།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2011-10-24 11:26:00
ཀློག་གྲངས།:
ཉེ་སྔོན། ཀྲུང་གོའི་བོད་ལྗོངས་དྲ་བས་གཙོ་གཉེར་གནང་བ་དང་མི་དམངས་དྲ་བ་སོགས་དྲ་འབྲེལ་སྨྱན་བྱད24ལྷག་གིས་རམ་འདེགས་འོག་སྒྲུབ་པའི“སྐབས་དང་པོའི་འཆམ་མཛེས་བོད་ལྗོངས་མཛེས་རྩལ་བརྩམས་ཆོས་འགྲན་སྡུར”གྱི་དཔྱད་འདེམས་བྱ་བ་ཡོངས་སུ་མཇུག་སྒྲིལ་ཞིང་། ཟླ10བའི་ཚེས26ཉིན་ནས་ཟླ10བའི་ཚེས31ཉིན་བར་དུ་པེ་ཅིང་དམག་དོན་དངོས་མང་བཤམས་སྟོན་ཁང་དུ་འགྲེམ་སྟོན་བྱེད་རྒྱུ་རེད། འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་བརྩམས་ཆོས་དང་ཆེད་དུ་གདན་འདྲེན་ཞུས་པའི་བརྩམས་ཆོས200ལྷག་བརྒྱུད་ནས་ལྟ་མཁན་རྣམ་པར་གཟི་དཔལ་རྫོགས་པའི་བོད་ལྗོངས་ཀྱི་རྣམ་པ་གསར་བ་ཞིག་འགྲེམ་སྟོན་བྱེད་རྒྱུ་རེད།
སྐབས་དང་པོའི“འཆམ་མཛེས་བོད་ལྗོངས”ཞེས་པའི་མཛེས་རྩལ་བརྩམས་ཆོས་འགྲན་སྡུར་འདིའི་དམིགས་འབེན་གཙོ་བོ་ནི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་ཆ་འཕྲིན་ལྟེ་གནས་དང་ཀྲུང་གོའི་མཛེས་རྩལ་པའི་མཐུན་ཚོགས་ཀྱིས་མཛུབ་སྟོན་དང་། བོད་ལྗོངས་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱབ་སྐྱོར། ཀྲུང་གོའི་བོད་ལྗོངས་དྲ་བ་དང་ཧྲང་ཧེའི་ཧྭ་ཆའོ་ཐབས་རྩ་ཚོགས་པ་གཉིས་ཀྱིས་གཙོ་གཉེར་གནང་བ། མི་དམངས་དྲ་བ་སོགས་རྒྱལ་ཁབ་ཀྱི་གསར་འགྱུར་དྲ་ཚིགས་གཙོ་བོ24དང་ཚོང་ལས་དྲ་ཚིགས་གྲགས་ཅན་དག་གིས་རམ་འདེགས་འོག་མཛེས་རྩལ་བརྩམས་ཆོས་ཀྱི་རྣམ་པ་བརྒྱུད་ནས་བོད་ལྗོངས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ཀྱི་གྲུབ་འབྲས་ཆེན་པོ་འགྲེམ་སྟོན་བྱེད་རྒྱུ་དེ་ཡིན།
སྐབས་འདིའི་བྱ་འགུལ་ཟླ8པའི་ཚེས10ཉིན་པེ་ཅིང་དུ་འགོ་ཚུགས་པ་ནས་བཟུང་མཛེས་རྩལ་ལ་སྤྲོ་བ་ཡོད་མཁན་དང་བོད་རིགས་སྤུན་ཟླ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཅིང་། བསྡོམས་པས་རི་མོ་བ372ཀྱི་བརྩམས་ཆོས1019ལྷག་འགྲན་སྡུར་ལ་ཞུགས། བརྩམས་ཆོས་ཀྱིས་བོད་ལྗོངས་གསར་བའི་སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་ཀྱི་འཚོ་བའི་གོང་འཕེལ། མི་རིགས་རིག་གནས་ཀྱི་དར་རྒྱས། ཆོས་ལུགས་དད་མོས་ཀྱི་རང་དབང་། དེ་མིན་ལྟ་ན་སྡུག་པའི་རང་བྱུང་མཛེས་ལྗོངས་དང་། ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་སོགས་རྒྱུ་ཆ་གཙོ་བོར་བྱས་ཡོད་ལ། བརྩམས་ཆོས་ལ་ཐང་ག་དང་། སྣུམ་རིས་། ཆུ་ཚོན་རི་མོ། སྐྱ་རིས་སོགས་རིགས་མི་འདྲ་བའི་མཛེས་རྩལ་བརྩམས་ཆོས་མང་དུ་འདུས།
དཔྱད་འདེམས་པ་རྣམས་ཀྱིས་ཐེངས་འདིའི་འགྲེམ་སྟོན་བརྩམས་ཆོས་ཁྲོད་ཉེ་བའི་ལོ་ནང་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ་བཞིན་པའི་རི་མོ་བ་གྲགས་ཅན་རྣམ་པའི་བརྩམས་ཆོས་ཕུལ་དུ་བྱུང་བ་ཡོད་པ་མ་ཟད། གསར་དུ་བྱོན་པའི་ཕྱི་རབས་པ་རྣམས་ཀྱི་བརྩམས་ཆོས་ལེགས་ཤོས་ཀྱང་ཡོད་པས། འདི་ནི་བོད་ལྗོངས་ཀྱི་རྒྱུ་ཆ་གཟེངས་སུ་ཐོན་པའི་གཅིག་འདུས་རིང་བཞིན་གྱི་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་ཞིག་རེད་ཟེར།
འགྲན་སྡུར་གྱི་དཔྱད་འདེམས་པའམ་རི་མོ་མཁན་གྲགས་ཅན་ཏེ་པཎ་ཆེན་སྐུ་ཕྲེང་བཅུ་བའི་རི་མོ་བ་ཉི་མ་ཚེ་རིང་ལགས་ཀྱིས་བཤད་རྒྱུར། འགྲན་སྡུར་ལ་ཞུགས་པའི་བརྩམས་ཆོས་ལས་བོད་དང་འབྲེལ་བའི་རི་མོ་མཁན་དང་ལྷག་པར་དུ་བོད་རིགས་རི་མོ་བ་རྣམས་ཀྱི་རི་མོ་འབྲི་བའི་ཆུ་ཚད་གོང་ནས་གོང་དུ་འཕེལ་བ་རྟོགས་ཐུབ་ལ། “འཆམ་མཛེས་བོད་ལྗོངས”ཀྱི་མཛེས་རྩལ་བརྩམས་ཆོས་འགྲན་སྡུར་གྱིས་བོད་ལྗོངས་ལ་འཛམ་གླིང་དུ་ཕྱོགས་པའི་མཛེས་རྩལ་གྱི་སྒོ་ཆེན་ཞིག་ཕྱེ་བས། བོད་ལྗོངས་དང་ཡུལ་ཕྱིའི་བར་སྒྱུ་རྩལ་ལ་བརྟེན་ནས་ཕན་ཚུན་འབྲེལ་འདྲིས་བྱེད་ཐུབ་པ་དང་མཉམ་དུ། ཕྱི་རོལ་དུ་བོད་དམངས་རྣམས་ཀྱི་འཚོ་བ་དངོས་རྟོགས་སུ་བཅུག་པར་བརྒྱུད་ནས་བོད་ཀྱི་རིག་གནས་ཉམས་རྒུད་སྨྲ་བ་སོགས་ཀྱི་ཁུངས་མེད་གཏམ་འཆལ་དག་མ་རྒོལ་རང་ཐོར་དུ་སོང་ཞེས་བཤད་པ་རེད།

འབྲེལ་ཡོད་འོས་སྦྱོར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
ཚ་ཤོས།
བརྗེ་སྒྱུར།
བརྙན་རིས།
འོས་སྦྱོར།
བརྗེ་སྒྱུར།
པར་རིས་ལོངས་སྤྱོད།