ཨ་ལགས་ཤར་གདོང་རིན་པོ་ཆེ་སྐུ་གཤེགས་ནས་ལོ་འཁོར་བཅུ་ལོན་པའི་རྗེས་དྲན་ཚོགས་འདུ་བསྡུས་པ།

རྩོམ་པ་པོ།:ཁྲི་རྟ་མགྲིན། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-24 11:49:00 ཀློག་གྲངས།:


རྗེས་དྲན་ཚོགས་འདུའི་ཡུལ་དངོས།


སློབ་གཙོ་ཧིག་ཧྥིན་གྱིས་གཏམ་བཤད་གནང་བ།

         ཟླ10བའི་ཚེས22ནས23བར།  མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་སྐུ་གཤེགས་ནས་ལོ་འཁོར་བཅུ་ལོན་པའི་རྗེས་དྲན་ཚོགས་འདུ་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་རུ་བསྡུས་པ་རེད། 


སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཧྲུའུ་ཅི་མ་ནི་འབུམ་གྱིས་གཏམ་བཤད་གནང་བཞིན་པ།


སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་གླིང་གཙོ་
ཟླ་བས་རྗེ་ཉིད་ཀྱི་མཛད་རྣམ་ངོ་སྤྲོད་བྱེད་བཞིན་པ།


ཆེད་མཁས་མི་སྣས་སློབ་མའི་ཚབ་བྱེད་རྣམས་ལ་རྗེ་ཤར་གདུང་གི་གསུང་འབུམ་གནང་བཞིན་པ།

         མཚོ་སྔོན་ཞིང་ཆེན་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་རྡོ་རྗེ་རབ་བརྟན།  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཚེ་རིང་ཐར། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་སློབ་གཙོ་བསོད་ནམས་རྩེ་མོ་སོགས་མགོ་ཁྲིད་དང་ཆེད་ལས་མཁས་པ་ཉི་ཤུ་ལྷག་དང་།  གནའ་མཁར་ཟི་ལིང་དུ་ཡོད་པའི་བོད་ཀྱི་སློབ་ཆེན་པ་དང་ཞིབ་འཇུག་སློབ་མ་སོགས་ཐེངས་འདིའི་རྗེས་དྲན་ཚོགས་འདུ་ལ་ཞུགས་ཡོད་པ་རེད།


སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་བུ་བཞིས་གཏམ་བཤད་གནང་བཞིན་པ།


སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དགེ་རྒན་
ཆེན་མོ་རྣམ་སྲས་ཀྱིས་གཏམ་བཤད་གནང་བཞིན་པ།


རྗེ་ཤར་གདུང་གི་སློབ་མ་ཤུར་ཙོ་ལགས་ཀྱིས་མཚོ་སྔོན་མི་རིགས་སློབ་ཆེན་ལ་ལེགས་སྐྱེས་གནང་བཞིན་པ།

         ཚོགས་འདུ་རུ་གཙོ་བོ་རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་གི་མི་རིགས་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་གྱི་ཕྱག་རྗེས་གཙོ་བོར་བཟུང་ཞིང་།   འདོད་ཆུང་ཆོག་ཤེས་ཀྱི་འཚོ་བ་སྟེ་སྲོག་འཚོ་ཙམ་གྱི་ཆོག་ཤེས་པ་དང་། ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ལ་བརྩོན་པ་ཆེན་པོ་མཛད་ཚུལ།  ཁྱད་པར་དུ་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་མཚོ་སྔོན་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་དངོས་གཞི་དང་ཞིབ་འཇུག་སློབ་མ་ལ་དཔེ་ཁྲིད་བྱས་ནས་སྐུ་ཚེ་གང་བོ་བོད་ཀྱི་སློབ་གསོའི་ལས་དོན་ལ་ཕུལ་བའི་སྙིང་སྟོབས་དང་བླ་མེད་ཀྱི་མི་གཤིས་ལ་བསྔགས་བརྗོད་བྱས་ནས་རྗེས་རབས་པ་རྣམས་ཀྱི་མིག་དཔེ་རུ་འཛིན་རྒྱུར་ནན་གྱིས་བསྟན་པ་ཡིན།


རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག

རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ངོ་སྤྲོད་མདོར་བསྡུས།

         རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ་མཆོག་ཁོང་ཉིད་དགུང་ལོ34སྟེང་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་གདན་ཞུས་ལྟར་བོད་ཡིག་དགེ་རྒན་གྱི་འགན་བཞེས་ནས་སྐལ་ལྡན་གྱི་སློབ་བུ་མང་བོ་ལ་གང་ལ་གང་འཚམ་གྱི་སྒོ་ནས་བོད་ཀྱི་བརྡ་སྤྲོད་དང་སྙན་ངག་སོགས་དཔེ་ཁྲིད་མཛད།  1985ལོར་ལས་འཁྱུར་ངལ་གསོ་བྱས་ནའང་དགེ་རྒན་གྱི་རེ་བ་དང་དཔེ་ཁྲིད་ཀྱི་དགོས་མཁོ་ལྟར་མཚོ་སྔོན་མི་རིགས་སློབ་ཆེན་གྱིས་ཡང་བསྐྱར་གདན་ཞུ་བ་དང་དུ་བླངས་པ་མ་ཟད། ད་དུང་མཚོ་སྔོན་གསོ་རིག་སློབ་གླིང་དང་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་དགེ་སློབ་སོགས་ཀྱི་རེ་བ་ལྟར་དཔེ་ཁྲིད་གནང་ནས་འདོད་པའི་རེ་བ་ཡིད་བཞིན་བསྐངས།  1987ལོར་པན་ཆེན་སྣང་བ་མཐའ་ཡས་བློ་བཟང་འཕྲིན་ལས་ལྷུན་གྲུབ་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་བོའི་བཀའ་ལུང་བཞིན།  ཀྲུང་གོའི་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་རྒན་དུ་ཕེབས་ནས་བསྟུད་མུར་ལོ་འགར་གྲུབ་མཐའ་རིས་མེད་ཀྱི་བོད་སོག་གི་བླ་སྤྲུལ་བརྒྱ་ཕྲག་དུ་མར་བྱང་ཆུབ་ལམ་རིམ་ཆེན་མོ་གཙོ་བྱས་པའི་གཞུང་ཆེན་དུ་མའི་དཔེ་ཁྲིད་གནང་། ཁོང་གིས་བགྲང་བྱ་བཅུ་ཕྲག་འགའི་རིང་ལ་དངོས་སུ་བསྐྱངས་པའི་རིགས་སོ་སོའི་སློབ་མ་ནི་ཞིང་ཆེན་ཕྱི་ནང་གི་ལས་གནས་སོ་སོ་ན་ཐང་མར་བརྡལ་བ་ཇི་བཞིན་ཁྱབ་ཡོད་པ་མ་ཟད། རྐང་འཛིན་གྱི་ཀ་བ་ལྟ་བུར་གྱུར་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།