དཀར་མཛེས་ཁུལ་གྱིས་གསར་འགྱུར་ལས་ཁུངས་ལ་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཀྱི་ནང་དོན་ངོ་སྤྲོད་བྱས་པ།
ཉེ་ལམ། དཀར་མཛེས་ཁུལ་གྱི་སྐབས་བཅུ་གཉིས་པའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ཞུགས་མཁན་དྲིལ་བསྒྲགས་ཚོ་ཆུང་གི་ཚོ་དཔོན། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་གཡང་མཚོས་སི་ཁྲོན་གློག་འཕྲིན་ཁང་དང་ཧྭ་ཞི་ཏུའུ་ཧྲི་ཚགས་པར། དཔལ་འབྱོར་ཉིན་རེའི་ཚགས་པར། ཁམས་པའི་བོད་སྐད་བརྙན་འཕྲིན་ཁང་སོགས་གསར་འགྱུར་མཚམས་སྦྱོར་ཁང་སོགས་ཀྱི་བཅར་འདྲི་དང་ལེན་ཞུས་ནས་དཀར་མཛེས་ཁུལ་གྱི་ནུབ་རྒྱུད་དངོས་མང་སྟོན་ཚོགས་ནང་ཞུགས་པའི་འབྲེལ་ཡོད་བྱེད་སྒོའི་ནང་དོན་ངོ་སྤྲོད་བྱས་པ་རེད།
གཡང་མཚོས་བཅར་འདྲི་དང་ལེན་ཞུ་སྐབས་བཤད་དོན། ཐེངས་འདིའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བརྗོད་བྱ་གཙོ་བོའི་བྱེད་སྒོ་གྲོང་ཁྱེར་དང་ཁུལ་ཞིག་བྱས་ནས་གཟབ་རྒྱས་ངང་སྐབས་བཅུ་གཉིས་པའི་ཀྲུང་གོ་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཞུགས་ཐུབ་པར་དགའ་སྤྲོ་ཤིན་ཏུ་ཆེ་བྱུང་། ཐེངས་འདིའི་དངོས་མང་སྟོན་ཚོགས་ཐོག དཀར་མཛེས་ཁུལ་གྱིས་དྭངས་གཙང་གི་དཀར་མཛེས། བདེ་སྐྱིད་ཀྱི་མཐོ་སྒང་ཞེས་པ་བརྗོད་བྱ་གཙོ་བོ་བྱས་པའི་བྱེད་སྒོ་བཅུ་སྤེལ་བ་རེད།
བྱེད་སྒོ་དེ་དག་ནང་གསར་འགྱུར་འགྲེམ་སྤེལ་ཚོགས་འདུ་དང་། གསར་འགོད་པ་སྣེ་ཚོགས་འདུ། དཀར་མཛེས་ཁུལ་འགྲེམ་སྟོན་ཁང་སྒོ་ཕྱེའི་མཛད་སྒོ། ལྗོངས་རྒྱུ་རིག་གནས་ཚོང་འགུགས་ཆེད་དོན་ངོ་དང་རྣམ་གྲངས་མིང་རྟགས་འགོད་པའི་མཛད་སྒོ། བོད་རིགས་རིག་གནས་ཀྱི་གོམས་གཤིས་མཚོན་པའི་གླུ་གར་ཆེ་གྲས《མཐོ་སྒང་གོམས་སྲོལ》ཞེས་པའི་གཟིགས་འབུལ་འཁྲབ་བ་དང་ཚོང་འགུགས་བྱེད་སྒོ། འགྲེམ་སྟོན་ཁང་ཕྱི་ནང་དུ་མི་རིགས་གླུ་གར་འཁྲབ་སྟོན་དང་འགྲེམ་སྟོན་སོགས་འདུས་ཡོད་པ་རེད།
དཀར་མཛེས་ཁུལ་གྱི་སྐད་གྲགས་ལྡན་པའི་གླུ་པ་ཡ་དུང་གིས་སེམས་འགུལ་ཐེབས་པའི་ངང《སྒྲོལ་མ》ཞེས་པའི་གླུ་དབྱངས་ལེན་པ་དང་། མི་རིགས་ཀྱི་གཟབ་མཆོར་སྤྲས་པའི་ཁམས་པའི་ཕོ་གསར་དང་ཁམས་པའི་མོ་གསར་གྱིས་ཀྱང་ངོ་མཚར་ཆེ་བའི་ཞབས་བྲོ་དང་སྐོར་བྲོ་འཁྲབ་རྒྱུ་ཡིན་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com