བོད་ལྗོངས་ཀླུ་ནང་སྐོར་བའི་ལྕགས་རྟ་འགྲན་བསྡུར་སྟེང་ལོ60ཅན་གྱི་བོད་རིགས་རྒན་པ་འགྲན་དུ་ཞུགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-25 10:22:00 ཀློག་གྲངས།:


ལོ60ཅན་གྱི་བོད་རིགས་རྒན་པ་ཀླུ་ནང་ལྕགས་རྟ་འགྲན་བསྡུར་ལ་ཞུགས་པ།

         ཟླ10བའི་ཚེས23ཉིན།  བོད་ལྗོངས་ཀླུ་ནང་སྐོར་བའི་ལྕགས་རྟ་འགྲན་བསྡུར་འགོ་བརྩམས་ཤིང་།  ལོ60ཅན་གྱི་བོད་རིགས་རྒན་པ་རྟ་མགྲིན་ཐེངས་འདིའི་ལྕགས་རྟ་འགྲན་བསྡུར་དུ་ཞུགས་པ་རེད།  
         ཉིན་འདིར།  སྐབས་དང་པོའི་བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ཀླུ་ནང་ལྕགས་རྟ་འགྲན་བསྡུར་དེ་མཛེས་ལྗོངས་ཡིད་དུ་འོང་བའི་ཉིང་ཁྲི་ཀླུ་ནང་མཛེས་ལྗོངས་ཁུལ་གྱི་བཀྲ་ཤིས་སྒང་དུ་སྤེལ་ཞིང་།  རྒྱལ་ཡོངས་ས་ཕྱོགས་སོ་སོ་ནས་ཕེབས་པའི་ལྕགས་རྟ་འགྲན་ཞུགས་པ31ལྷག་ཀླུ་ནང་དུ་འཛོམས་ཏེ་འགྲན་བསྡུར་ལ་ཞུགས་པ་དང་།  འགྲན་ཞུགས་པ་རྣམས་ཀླུ་ནང་ས་ཁུལ་གྱི་རི་ཆུའི་ཁྱད་འཕགས་མཛེས་ལྗོངས་མྱོང་དུ་འཇུག་པར།  གཙོ་འགན་བཞེས་མཁན་ཡར་ཀླུང་གཙང་བོའི་གྲོག་རོང་ཡུལ་སྐོར་དུས་ཆེན་རྩ་འཛུགས་ཨུ་ཡོན་ལྷན་ཁང་གིས་ལོ་ཚོད་དང་ཕོ་མོའི་དབྱེ་བ་ཚད་བཀག་མེད་པ་དང་།  འགྲན་ཞུགས་པས་རང་ཉིད་ཀྱིས་ལྕགས་རྟ་དང་འབྲེལ་ཡོད་གྱོན་ཆས་ཞྭ་མོ་སོགས་གྲ་སྒྲིག་བྱེད་དགོས་ཤིང་།  ཆ་རྐྱེན་ཉག་ཅིག་ནི་མཐོ་སྒང་ཁ་དབུགས་ལ་འཕྲོད་པའི་ལྕགས་རྟའི་ལུས་རྩལ་པ་ཡིན་དགོས་པ་དེ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།