དམངས་སྲོལ་གྱི་རོ་བཅུད་མངར་མོས་ཡོངས་སུ་ཕྱུག་པའི་གླུ་གར་ཆེན་མོ《ཀླུ་ཆུའི་མཚར་ཉམས》།

རྩོམ་པ་པོ།:མཚོ་སྔོན་པོ་དྲ་བ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-10-26 09:14:00 ཀློག་གྲངས།:


གླུ་གར་ཚོགས་འདུའི་ཡུལ་དངོས།


གླིང་རྒྱལ་ཁབ་ཀྱི་དཔའ་བོ་རྣམ་པ།

         ཉེ་ལམ།    ཀླུ་ཆུ་ས་ཆ་རུ་དམངས་སྲོལ་གྱི་རོ་བཅུད་མངར་མོས་ཡོངས་སུ་ཕྱུག་པའི་གླུ་གར་ཆེན་མོ《ཀླུ་ཆུའི་མཚར་ཉམས》ཞེས་པའི་སྤྲོ་ཚོགས་ཞིག་སྤེལ་པ་རེད། 


གཏམ་རྒྱུད་བརྗོད་པ།


འཆམ་མཐུན་ཁྱིམ་གཞིས།   སྐལ་བཟང་མེ་ཏོག


རྩྭ་ཐང་གི་གཉེན་སྲོལ།

         དེ་ཡང་དམངས་སྲོལ་གྱི་རོ་བཅུད་མངར་མོས་ཡོངས་སུ་ཕྱུག་པའི་གླུ་གར་ཆེན་མོ་སྟེ《ཀླུ་ཆུའི་མཚར་ཉམས》ཞེས་པ་ནི་ཀླུ་ཆུ་ས་ཆའི་ལོ་རྒྱུས་ཀྱི་འཕེལ་རིམ་དང་། རིག་གནས་ཡུལ་ལྗོངས། རང་བྱུང་ཁོར་ཡུག་སོགས་ཚུར་སྣང་བྱས་ཡོད་པའི་གར་སྟེགས་སྟེང་གི་གསར་རྩོམ་ཁག་ཅིག་ཡིན།   


ཀླུ་ཆུ་རྫོང་གླུ་གར་ཆེན་མོ་འཁྲབ་གཞུང་ཞིབ་བཤེར་ཨུ་ཡོན།


འབྲོག་ཁྱི་འཁྲབ་བཞིན་པ།


དག་ཞིང་།


ལྷད་མེད་མཚེའུ། 


འབྲེལ་ཡོད་འཁྲབ་སྟོན་པ་རྣམས་ལྷན་དུ་པར་བསྐྱོན་པ།

          འདིས་ཀླུ་ཆུ་ས་ཆའི་ལྷད་མེད་ཀྱི་དམངས་ཁྲོད་རིག་གནས་དང་དམངས་སྲོལ་དག་རྩ་བའི་གཞས་གདངས་སུ་བཟུང་སྟེ། ཀླུ་ཆུའི་དམངས་ཁྲོད་ན་དར་བའི་ཆོས་ལུགས་ཀྱི་རོལ་དབྱངས་དང་།    འཆམ།    དམངས་གླུ།    གཏམ་བཤད།    རྡུང་ལེན།    གླུ་གར་སོགས་སྲོལ་རྒྱུན་རིག་གནས་སྒྱུ་རྩལ་ལ་སྐུལ་སློང་བྱས་ཡོད་པ་མ་ཟད།    དེང་རབས་ཀྱི་བསམ་བློའི་འདུ་ཤེས་དང་གསར་རྩོམ་ལག་རྩལ་བསྐྱར་བཟོ་བྱེད་པ་སོགས་བརྒྱུད་དེ་སྙན་པའི་གྲགས་པ་ཕྱི་ནང་ཀུན་ན་    འབར་བའི་ལྷ་མོ་དགོན་པའི་ཆོས་ལུགས་སྒྱུ་རྩལ་དང་།    རྔམ་བརྗིད་ཆེ་བའི་རྫས་ཚའི་བྲག་རི།   དྭངས་གཙང་མཛེས་སྡུག་ལྡན་པའི“རྐྱང་ཐང་མཚོ་རྒན”།   གསོན་ཉམས་ལྡན་པའི་རྩྭ་ཐང་གི་འཚོ་བ།    བརྗིད་ཆགས་ཡིད་དུ་འོངས་པའི་དེང་རབས་འབྲོག་པའི་ཟིལ་ཤུགས་སོགས་མ་ལུས་ཡོངས་སུ་མཚོན་ཡོད་ལ།    ལྷད་མེད་དང་ འཆར་ཡན་རང་བཞིན་ལྡན་པ།    སྲོལ་རྒྱུན་དང་དེང་རབས་གཉིས་ཀར་མཐུན་པ།    འཆམ་མཐུན་དང་བདེ་སྐྱིད་ལྷན་གྱིས་འཛོམས་པ།    འཕེལ་རྒྱས་ཀྱི་གོམས་སྟབས་གློག་ལྟར་མྱུར་བའི་ཀླུ་ཆུ་གསར་བ་དེ་མི་རྣམས་ཀྱི་སྤྱན་སྔར་ལྷགས་ངེས་ཤིང་།    མི་རྣམས་ལའང་གནས་མཆོག་འདིར་དགའ་སྤྲོ་སྐྱེས་པ་དང་འཛུགས་སྐྲུན་བྱེད་པར་སྔར་མེད་ཀྱི་བློ་སྒོ་ཡངས་པོ་ཞིག་ཕྱེས་ངེས་སོ།།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།