2018ལོའི་གཅན་ཚ་རྫོང་འོད་སྣང་རྟགས་མའི་རྟ་རྒྱུག་འགྲན་སྡུར་དང་རིག་གནས་ཡུལ་སྐོར་དུས་ཆེན་སྤེལ་མགོ་བརྩམས།
རྩྭ་ཐང་གི་གར་གྱི་སྟངས་སྟབས།
ལ་གཞས་ལེན་བཞིན་པ།
མདའ་རྩལ་འགྲན་པ།
རྟ་རྒྱུག་འགྲན་སྡུར་བྱེད་བཞིན་པ།
སྤྱི་ཟླ7པའི་ཚེས27ཉིན། 2018ལོའི་གཅན་ཚ་རྫོང་འོད་སྣང་རྟགས་མའི་མི་རིགས་མཐུན་སྒྲིལ་དམངས་ཁྲོད་རྟ་རྒྱུག་གདན་ཞུ་འགྲན་སྡུར་དང་གཅན་ཚ་ཐང་རིག་གནས་ཡུལ་སྐོར་དུས་ཆེན་འགོ་རྩོམ་པའི་མཛད་སྒོ་དེ་གཅན་ཚ་ཐང་ས་རྒ་ཉག་ག་ནས་གཟབ་རྒྱས་ངང་བསྡུས།
བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་རིང་ལ། ཏང་དང་སྲིད་གཞུང་གི་བླ་ན་མེད་པའི་ཐུགས་ཁུར་འོག་ཏུ་གཅན་ཚ་ཐང་ཞང་གི་སྐྱེ་ཁམས་དཔལ་ཡོན་གྱི་ཆུ་ཚད་དེ་རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ལྟར་མཐོར་འདེགས་བྱུང་ཡོད་ལ། མི་དམངས་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་ལ་ཡང་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད།
གཅན་ཚ་ཐང་ཞང་གི་ཞང་གཙོ་སངས་རྒྱས་དོན་འགྲུབ་ལ་བཅར་འདྲི་བྱས་པ་ན། ཁོས་སྡེ་བའི་སྤྱིའི་གནས་ཚུལ་དང་ཐེངས་འདིའི་བྱ་འགུལ་གྱི་དམིགས་ཡུལ་ཐད་ནས་བཤད་རྒྱུར། ད་ལོ་ང་ཚོ་གཅན་ཚ་ཐང་ཞང་ནས་འདི་ལྟ་བུའི་བྱ་འགུལ་རྒྱ་ཆེན་པོ་ཞིག་སྤེལ་དོན་ནི། གཅན་ཚ་ཐང་ནི་གཅན་ཚ་རྫོང་གི་འབྲོག་ལས་ཀྱི་ཞང་རྐྱང་རྐྱང་རེད། སྔོན་ཆད་ཆ་རྐྱེན་ཡང་ཤིན་ཏུ་ཞན་པ་རེད། ད་ལྟ་གོང་རིམ་ཏང་ཨུ་དང་སྲིད་གཞུང་གི་རྒྱབ་སྐྱོར་འོག་ནས་འགྱུར་ལྡོག་རྒྱ་ཆེན་པོ་བྱུང་ཡོད། བྱ་འགུལ་འདི་སྤེལ་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་འཆར་འགོད་དང་བསྟུན་ནས་ཡུལ་སྐོར་འཕེལ་རྒྱས་ལ་ཤུགས་སྣོན་བྱས་ཏེ། སྡེ་བའི་དཔལ་འབྱོར་ཡོང་སྒོ་ཇེ་ལེགས་སུ་གཏོང་ཆེད་ཡིན།
ཐེངས་འདིའི་རྟ་རྒྱུག་དགའ་སྟོན་དང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་དགོངས་གཞི་གཙོ་བོ་ནི། རིག་གནས་བསམ་བློ་བརྗེ་རེས་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་བསྣན་ཏེ་དུས་རབས་གསར་བའི་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་ཚུལ་ལག་ལེན་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་འདུ་ཤེས་གསར་བསྒྱུར་བྱས་ཏེ་རིག་གནས་ཡུལ་སྐོར་དང་གནད་ཕིགས་དབུལ་སྐྱོར་མཉམ་དར་མཉམ་སྤེལ་བྱེད་རྒྱུ་དེ་ཡིན་ཞིང་། གོ་སྐབས་འདི་དང་བསྟུན་ནས་གཅན་ཚང་ཐང་གི་བྱ་གཞག་ཡོད་ཚད་ལ་འཕེལ་རྒྱས་ཀྱི་དབུ་ཁྱུད་གསར་བ་ཞིག་བྲིས་པ་རེད།
ཐེངས་འདིའི་བྱ་འགུལ་ལས་གཅན་ཚ་ཐང་ཞང་གི་རྟ་རྒྱུག་དང་མདའ་འཕེན། ལ་གཞས་འགྲན་སྡུར་སོགས་ཀྱི་བརྗེ་རེས་སྟེགས་བུ་བརྒྱུད་ནས་རིག་གནས་ཀྱི་གཏིང་ཟབ་ས་སྔོག་འདོན་དང་། ཡུལ་སྐོར་དང་། རིག་གནས། དབུལ་སྐྱོར་བཅས་གཞི་གཅིག་ཅན་གྱི་ཞིང་སྡེ་ཡུལ་སྐོར་གྱི་རྣམ་པ་གསར་བ་བསྐྲུན་ཏེ། གཅན་ཚ་ཐང་གི་མཚན་སྙན་མངོན་གསལ་གྱིས་མཐོར་འདེགས་དང་། ཡིད་དུ་འོང་བའི་གཅན་ཚའི་ཕྱི་ཕྱོགས་ཀྱི་ཤུགས་རྐྱེན་སྔ་ན་མེད་པའི་ཆེ་རུ་བཏང་།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com
-
ཞིབ་འཇུག་གསར་བས་མདོ་དབུས་མཐོ་སྒང་གི་གནའ་བོའི་ཏན་ཉི་སོ་བ་མིའི་འཚོ་གནས་བྱེད་སྟངས་གསལ་སྟོན་བྱས།
-
ཏུའུ་ལན་གྱི་ཆུ་ཁོལ་བང་སོའི་ཚོམ་གྱིས་དར་གོས་ཚོང་ལམ་གྱི་ཤར་ནུབ་རིག་གནས་བརྗེ་རེས་ཀྱི་རྣམ་པ་བསྐྱར་མངོན་བྱས་པ།
-
བོད་ཀྱི་རྩོམ་རིག་ཞིབ་འཇུག་དེབ་ལྔ་པའི་རྩོམ་བརྡ།
-
འདབ་པའི་ཕན་རོགས་གནའ་ཤུལ་ལ་ལོ13000ཡན་གྱི་ལོ་རྒྱུས་ལྡན་པ་ར་འཕྲོད་བྱུང་།