ཀ་རིང་རྟ་མགྲིན་གྱིས《གུ་གེ་རྒྱལ་རབས》ཞེས་པའི་གླུ་གཞས་བརྩམས་ཆོས་གསར་བ་སྒྲིག་བཟོ་གནང་བ།
བོད་རིགས་གླུ་བ་ཀ་རིང་རྟ་མགྲིན།
རྒྱུས་ལོན་བྱུང་བ་ལྟར་ན། བོད་རིགས་མིང་གྲགས་གླུ་བ་ཀ་རིང་རྟ་མགྲིན་གྱི2011ལོའི་གླུ་གཞས་བརྩམས་ཆོས་གསར་བ《གུ་གེ་རྒྱལ་རབས》ཞེས་པ་སྒྲིག་བཟོ་བྱེད་ཚར་ལ་ཉེ་བ་རེད།
ཀ་རིང་རྟ་མགྲིན་གྱིས་མཚམས་སྦྱོར་བྱེད་རྒྱུར། གླུ་གཞས་བརྩམས་ཆོས་འདི་རང་གི་འདོད་འདུན་ལྟར་ལེགས་འགྲུབ་འབྱུང་བར་ཁོ་བོས་དུས་ཚོད་དང་། དཀའ་ཚེགས། སེམས་ཤུགས་སོགས་གང་མང་བསྐྱེད་ཅིང་། ཡང་དང་བསྐྱར་གྱི་བཅོས་བསྒྱུར་བྱས་པ་བརྒྱུད་མཐའ་མར་ཡོངས་སུ་ལེགས་འགྲུབ་འབྱུང་བཞིན་ཡོད་པ་དང་། དེ་ལས་སྒྲ་སྙན་གྱི་ཚན་པ་སྒྲ་གཟུགས་ཕབ་པའི་སྐབས་སུ་རྒྱལ་ནང་གི་མིང་གྲགས་སྒྲ་སྙན་པ་གདན་འདྲེན་བྱས་ཤིང་། ད་ལྟ་ཕབ་སྐྲུན་བྱེད་བཞིན་པའི་དུས་མཇུག་གི་སྒྲིག་བཟོའི་ཁྲོད་ཙིན་ཀེ་སུན་ནན་དང་། ཧན་ཧོང་། ཧྲ་པོའོ་ལིང་སོགས་མིང་གྲགས་གླུ་བ་དང་མཉམ་འབྲེལ་བྱས་པའི་སྙན་དབྱངས་སྒྲིག་སྦྱོར་བ་ཀྲིག་ཤོའོ་མིན་གདན་འདྲེན་བྱས་པ་ཡིན་ཟེར།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com