སྐབས་གཉིས་པའི་བོད་གླུ་འགྲན་ཚོགས།

རྩོམ་པ་པོ།:ཟླ་བཟང་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས། དུས་ཚོད།:2011-10-30 11:28:00 ཀློག་གྲངས།:


མ་སྐྱེས་ཨ་མའི་རོལ་ཚོགས།

ཨཱ་ཏུང་།

དམ་ཆོས་དབང་འདུས།

              བོད་གླུ་འགྲན་ཚོགས་ནི་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་བསྡུས་པའི་བོད་གླུ་རྐྱང་རྐྱང་གི་འགྲན་ཚོགས་ཤིག་ཡིན་ལ། སྔ་རྗེས་སུ་སྐབས་གཉིས་ལ་སྤེལ། ཉེ་ལམ་སི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་དུ་བསྡུས་པའི་སྐབས་གཉིས་པའི་བོད་གླུ་འགྲན་ཚོགས་དེ་ཡོངས་སུ་མཇུག་རྫོགས་པ་རེད། འགྲན་ཚོགས་ལས་འགྲན་སྡུར་རབ་དང་རིམ་པ་བརྒྱུད་ནས་དཔྱད་འདེམས་པ་སྟེ་བོད་ཀྱི་གླུ་བ་གྲགས་ཅན་གཡང་དྲུང་རྒྱལ་དང་རང་རྒྱལ་གྱི་ཚིག་རྩོམ་པ་པོ་གྲགས་ཅན་ཡན་སུའུ། རྒྱལ་སྤྱིའི་རང་བཞིན་གྱི་གླུ་མ་སཱ་ཏིན་ཏིན་སོགས་ཀྱི་དཔྱད་འདེམས་དང་གདེང་འཇོག་འོག་ལུགས་མཐུན་དང་དྲང་བདེན་གྱི་བྱ་དགའི་ཨང་རིམ་བཀར་ལ། ལྷ་ས་དང་ཡུན་ནན། མཚོ་སྔོན་སོགས་བོད་ཁུལ་ཆེན་པོ་གསུམ་ནས་གྲུབ་པའི་མ་སྐྱེས་ཨ་མའི་རོལ་ཚོགས་ལ་བྱ་དགའ་ཨང་དང་པོ་ཐོབ། ཁྲུང་ཆིན་འགྲན་ཁུལ་གྱི་ཨཱ་ཏུང་གིས་བྱ་དགའ་ཨང་གཉིས་པ་བླངས། རོལ་དབྱངས་གསར་གཏོད་ཀྱི་ནུས་པ་ལྡན་ལ་བོད་ཀྱི་སྲོལ་རྒྱུན་གྱི་གཞས་ལ་དེང་རབས་ཀྱི་དབྱངས་སྦྱར་ནས་ལེན་པར་མཁས་པའི་ལྷ་སའི་གླུ་བ་དམ་ཆོས་དབང་འདུས་ལ་བྱ་དགའ་ཨང་གསུམ་པ་ཐོབ། གཞས་པ་གཞས་མ་གསར་པ་འདི་ཚོ་རང་མི་རིགས་ཀྱི་རོལ་མོའི་གཞིས་ཁྱིམ་དྲོན་མོ་འདིར་ཕེབས་པར་རྟེན་འབྲེལ་ཞུ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།