ཏུང་ཅིང་གློག་བརྙན་དུས་ཆེན་སྟེང《གནས་སྐོར》ཞེས་པར་ཆེས་ཕུལ་བྱུང་གི་སྒྱུ་རྩལ་མཛད་རྗེས་བྱ་དགའ་ཐོབ།
ཏུང་ཅིང་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་སྐབས24བ་ཟླ10བའི་ཚེས30ཉིན་མཇུག་རྫོགས། 《གནས་སྐོར》ཞེས་པའི་གློག་བརྙན་ལ་ཆེས་ཕུལ་དུ་བྱུང་བའི་སྒྱུ་རྩལ་མཛད་རྗེས་ཀྱི་བྱ་དགའ་ཐོབ་པས། ཐེངས་འདིའི་གློག་བརྙན་དུས་ཆེན་སྟེང་གི་གྲུབ་འབྲས་ལྡན་པའི་རྒྱ་སྐད་གློག་བརྙན་ཉག་ཅིག་གོ འཁྲབ་ཁྲིད་པ་ཏུའུ་ཅ་དབྱི་ཡིས་འཁར་བ་གཉིས་ལ་བརྟེན་ནས་གར་སྟེགས་སུ་བུད་དེ་བྱ་དགའ་བླངས་པ་དང་། ཧ་ཅང་སྤྲོ་སེམས་ཆེན་པོའི་ངང། “ཁྱེད་ཚོས་གློག་བརྙན་གཏན་ནས་སྦྱངས་མྱོང་མེད་ཀྱང་། གློག་བརྙན་ལ་བཅངས་པའི་བརྩེ་བ་དང་ལྷོད་མེད་ཀྱི་བརྩོན་པ་ཁོ་ནར་བརྟེན་ནས་ཕབ་བསྐྲུན་བྱེད་མཁན་ཞིག་ལ་བྱ་དགའ་འདི་སྤྲོད་རྒྱུ་ཐག་གིས་བཅད་པ་ཡིན་ནམ། ཁྲེན་ཀུའོ་ཧྥུ་དང་ཕབ་བསྐྲུན་ཚོ་ཆུང་གི་མི་སྣ་ཡོངས་ལ་བཀའ་དྲིན་ཆེ་ཞུ། གཞན་ཡང་ཕབ་བསྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་དུ་འཕྲད་པའི་བོད་རིགས་སྤུན་ཟླ་དག་ལ་བཀའ་དྲིན་ཆེ་ཞུ། སྔོན་དུས་ང་ལ་མཐོང་ཆེན་མི་བྱེད་པའི་མི་དག་ལའང་བཀའ་དྲིན་ཆེ་ཞུ། ད་དུང་བདག་གི་དགའ་གྲོགས་དང་བཟའ་མི་ཚོས་ཐུགས་ཁུར་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཆེ་ཞུ།” ཞེས་བཤད།
《གནས་སྐོར》 ཞེས་པའི་གློག་བརྙན་གྱི་ལྟ་སྐུལ་སྒྲིག་བཟོ་བ་ནི་ཁྲེན་ཀུའོ་ཧྥུ་ཡིན་པ་དང་། ལག་བསྟར་འཁྲབ་ཁྲིད་པ་ཏུའུ་ཅ་དབྱི་རེད། གློག་བརྙན་འདིའི་ནང་དུ་མི་ཞིག་གིས་རྐང་འཁོར་ཞོན་ནས་སྤྱི་ལེ2000ལྷག་བགྲོད་མཐར་བོད་ལྗོངས་སུ་འབྱོར་བའི་འགྲུལ་བཞུད་ལམ་ཀྱི་གནས་ཚུལ་བརྗོད་ཡོད། དེའི་སྔོན་དུ་རྒྱལ་ནང་ནས་ཚོད་སྟོན་བྱེད་སྐབས་ཀྱང་མི་མང་པོས་གདེང་འཇོག་ཆེན་པོ་ཐོབ་པ་དང་། ཆེད་ལས་མི་སྣ་མང་པོས“གློག་བརྙན་ཕུལ་དུ་བྱུང་བ་ཞིག་ཡིན་ན་ཅིས་ཀྱང་དགའ་བསུ་ཐོབ་པ་རེད” ཅེས་རྟེན་འབྲེལ་ཞུས། རྒྱུས་ལོན་བྱུང་བ་ལྟར། 《གནས་སྐོར》 ཞེས་པའི་གློག་བརྙན་འདི་ཟླ11པའི་ཚེས2ཉིན་ལྷ་སའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནས་རྒྱལ་ཡོངས་སུ་ཐོག་མར་སྟོན་པའི་མཛད་སྒོ་སྤེལ་རྩིས་ཡོད་པ་དང་། ཟླ11པའི་ཚེས3ཉིན་དངོས་སུ་རྒྱལ་ཡོངས་ནས་སྟོན་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com