མཚོ་སྔོན་པོ་ཞིང་ཆེན་རིམ་པའི་ས་གཤིས་གླིང་ཀའི་སྒོ་བྱང་འགེལ་བའི་མཛད་སྒོ་མཚོ་སྔོན་པོའི་འགྲམ་དུ་བསྡུས་པ།
ཟླ11པའི་ཚེས1ཉིན། མཚོ་སྔོན་པོ་ཞིང་ཆེན་རིམ་པའི་ས་གཤིས་གླིང་ཀའི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་མཚོ་སྔོན་པོའི་འགྲམ་རྒྱུད་དུ་བསྡུས་པ་དང་། དེས་མཚོ་སྔོན་པོའི་ས་གཤིས་རྗེས་ཤུལ་སྲུང་སྐྱོབ་ཀྱི་ཚད་གཞི་དེ་སྔར་ལས་ཇེ་མཐོར་སོང་བ་དང་མཚོ་སྔོན་པོ་དེ་རྒྱལ་ཁབ་དང་ཐ་ན་འཛམ་གླིང་རིམ་པའི་ས་གཤིས་གླིང་ཀའི་གྲས་སུ་ཡར་ཞུ་བྱེད་པར་གོམ་སྟབས་ཆེན་པོ་གཅིག་སྤོས་པ་མཚོན་ཡོད།
མཚོ་སྔོན་པོ་ཞིང་ཆེན་རིམ་པའི་ས་གཤིས་གླིང་ཀའི་སྤྱིའི་རྒྱ་ཁྱོན་ལ་སྟོང་མུས་གྲུ་བཞི་མ292.8ཡོད་པ་དང་། ནུ་ལྕེ་དང་བྱ་གླིང་། བྱེ་མ་ཁུགས། བྱེ་གླིང་བཅས་ས་ཁུལ་བཞི་ཡིས་གྲུབ་ཅིང་། ས་གཤིས་འཕོ་འགྱུར་གྱི་བརྒྱུད་རིམ་རིང་མོའི་ཁྲོད། མཚོ་སྔོན་པོའི་ས་ཁུལ་དེར་ཡང་འགྱུར་ལྡོག་སྣ་ཚོགས་ཤིག་བྱུང་ཞིང་། ཡུན་རིང་ཞིང་རྙོག་འཛིང་ཆེ་བའི་གྲུབ་ཚུལ་འགུལ་སྐྱོད་ཀྱིས་སྐམ་ས་དང་མཚོ་མོར་འགྱུར་ལྡོག་ཆེས་ཆེར་བྱུང་ཞིང་མཛེས་ཤིང་ཡིད་དུ་འོང་བའི་མཚོ་སྔོན་པོའི་ད་ལྟའི་གྲུབ་ཚུལ་དེ་རིམ་གྱིས་ཆགས་པ་ཞིག་རེད།
མཚོ་སྔོན་པོའི་ཞིང་ཆེན་རིམ་པའི་ས་གཤིས་གླིང་ཀ་བཀོལ་སྤྱོད་དོ་དམ་ཅུའུ་འཆར་འགོད་འཛུགས་སྐྲུན་ཁྲུའུ་ཡི་འགན་འཁུར་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་པོར་ཞིང་ཆེན་རིམ་པའི་ས་གཤིས་གླིང་ཀའི་ཆོག་མཆན་ཐོབ་རྗེས། མཚོ་སྔོན་པོ་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་རིམ་པའི་ས་གཤིས་གླིང་ཀའི་གྲས་སུ་ཡར་ཞུ་བྱེད་པའི་བྱ་བ་འགོ་བརྩམས་ཏེ། སྔ་མོ་ནས་རྒྱལ་ཁབ་རིམ་པའི་ས་གཤིས་གླིང་ཀའི་གྲས་སུ་ཚུད་པར་བརྩོན་ལེན་བྱེད་བཞིན་ཡོད་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། མཛེས་སྡུག་ལྡན་པའི་མཚོ་སྔོན་དུ་ད་ལྟ་རྒྱལ་ཁབ་རིམ་པའི་ས་གཤིས་གླིང་ཀ་ལྔ་ཡོད་པ་སྟེ། དེ་དག་ནི་སོ་སོར་ཁམས་ར་མཛེས་ལྗོངས་དང་གཉན་པོ་གཡུ་རྩེ། ཧུའུ་ཀྲུའུ་བྱང་རི། ཁུ་ནུ་རི་བོ། ཁྲི་ཀ་བཅས་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com