སི་ཁྲོན་ཁམས་པ་བརྙན་འཕྲིན་ཁང་གིས་ཡུལ་ཤུལ་གསར་འགོད་པའི་ས་ཚུགས་བཙུགས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-04 11:35:00 ཀློག་གྲངས།:


ཡུལ་ཤུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་ཁམས་པ་བརྙན་འཕྲིན་ཁང་གཉིས་ཀའི་ལས་བྱེད་མི་སྣ་རྣམས་
མཉམ་དུ་པར་སྐྱོན་པ།

  ཉེ་སྔོན་སི་ཁྲོན་ཁམས་པ་བརྙན་འཕྲིན་གྱིས་ཡུལ་ཤུལ་དུ་སྡོད་པའི་གསར་འགོད་པའི་ས་ཚུགས་དངོས་སུ་བཙུགས་ཤིང་། ཡུལ་ཤུལ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའི་ས་འགུལ་རྗེས་ཀྱི་གནས་སྐབས་གཞུང་སྒྲུབ་ས་ཚིགས་ཏེ་བདེ་འགྲོ་ཐང་དུ་སྒོ་བྱང་འགེལ་བའི་མཛད་སྒོ་བསྡུས།
  ཡུལ་ཤུལ་ཁྱབ་སྒྲོག་བྱེད་པ་དང་ཡུལ་ཤུལ་ལ་ཞབས་འདེགས་ཞུ་བའི་འདུ་ཤེས་བཅངས་ཏེ་ཡུལ་ཤུལ་ཁུལ་གྱི་མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་འཕེལ་རྒྱས། དཔལ་འབྱོར་འཕེལ་རྒྱས། མི་དམངས་བདེ་བར་འཚོ་བའི་སྣང་བརྙན་བཞེངས་སྐྲུན་བྱེད་པར་ཡུལ་ཤུལ་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་སི་ཁྲོན་རྒྱང་སྒྲོག་བརྙན་འཕྲིན་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་སྒྱུར་སྐྲུན་ལྟེ་གནས་གཉིས་ཐེངས་མང་པོར་གྲོས་མོལ་བྱས་མཐར་མཉམ་འབྲེལ་གྱིས་སི་ཁྲོན་ཁམས་པའི་བོད་སྐད་བརྙན་འཕྲིན་གྱི་ཡུལ་ཤུལ་གསར་འགོད་པའི་ས་ཚུགས་བཙུགས། ས་ཚིགས་འདིས་ཡང་དག་པའི་གླེང་ཕྱོགས་སྣེ་སྟོན་རྒྱུན་འཁྱོངས་བྱས་ཏེ་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་ཚན་རིག་གི་འཕེལ་རྒྱས་ལྟ་བ་དོན་འཁྱོལ་དང་གནོད་འཚེ་རྗེས་ཀྱི་བསྐྱར་འཛུགས་བྱ་བར་སྐུལ་འདེད་བྱེད་པ་ཡིན་ཞིང་། ཡུལ་ཤུལ་གྱི་ལས་གྲོགས་རྣམས་དང་མཉམ་དུ་ཡུལ་དེ་གའི་གསར་འགྱུར་ཐོན་ཁུངས་ཕྱོགས་བསྡུས་སྒོས་ཡུལ་ཤུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་ལ་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེར་འདོན་རྒྱུ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།