བྲག་འགོ་རྫོང་གིས་སྟོན་བསྡུའི་ལས་ཀ་ལེགས་འགྲུབ་བྱུང་བ།
སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བྲག་འགོ་རྫོང་གིས་ཟླ་གཅིག་ལྷག་གི་སྟོན་བསྡུའི་ལས་ཀ་མཇུག་སྒྲིལ། ད་ལོའི་སྟོན་བསྡུའི་ལས་ཀ་ལེགས་འགྲུབ་ཡོང་བར་ཁག་ཐེག་བྱེད་ཆེད། རྫོང་དེའི་ཞིང་འབྲོག་ཚན་རྩལ་ཅུའུ་ཡི་ལས་རྩལ་མི་སྣ་དང་མང་ཚོགས་ཀྱིས་དེང་རབས་ཅན་གྱི་འཕྲུལ་འཁོར་བེད་སྤྱད་ནས་སྟོན་བསྡུ་དང་འཕྲོད་པའི་གནམ་གཤིས་ཀྱི་ཆ་རྐྱེན་དང་བསྟུན་ནས་ཆར་བ་འབབ་པའི་དུས་ཚོད་དང་ཡོལ་ནས་འབྲུ་རིགས་བསྡུ་ལེན་བྱས། ཚང་མས་འབད་བརྩོན་ལྷོད་མེད་བྱས་པར་བརྒྱུད། ད་ལོའི་སྟོན་བསྡུའི་ལས་ཀ་ལེགས་འགྲུབ་བྱུང་བ་དང་། འཕྲུལ་འཁོར་གྱིས་འབྲུ་རིགས་བསྡུ་ཚད་ཁྱོན་བསྡོམས་མུའུ་ཁྲི1.5ལ་སླེབས།
བསྡོམས་རྩིས་བྱས་པར་བལྟས་ན། རྫོང་འདིའི་ཞིང་ལས་ཡུལ་ཚོ་དང་གྲོང་རྡལ་གྱི་ནས་དང་། གྲོ། སྲན་མ། ཞོག་ཁོག ཡུངས་དཀར་སོགས་ཀྱི་བརྔ་བསྡུ་བྱས་ཟིན་པ་དང་། སྟོན་ཏོག་ཡོད་ཚད་མུའུ62126བརྔ་བསྡུ་བྱས་ཟིན་པས་ན་ནིང་གི་དུས་མཉམ་ལས་མུའུ590་ལས་མང་ལ། ཡུངས་དཀར་མུའུ3910བརྔ་བསྡུ་བྱས་ཟིན་པས་ན་ནིང་གི་དུས་མཉམ་ལས་མུའུ462མང་། སྨན་རྩྭ་སོགས་དེ་མིན་གྱི་ལོ་ཏོག་མུའུ48བརྔ་བསྡུ་བྱས་ཟིན་པས་ལོ་སྔོན་མ་ལས་མུའུ3མང་བ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com