མཚོ་སྔོན་གྱིས《མཐོ་སྒང་གི་གར་སྟབས》ཞེས་པའི2011ལོའི་བརྙན་འཕྲིན་ཞབས་བྲོ་འགྲན་སྡུར་སྐབས་དང་པོ་སྤེལ་བ།
“མཚོ་སྔོན་གྱི་གཟི་དཔལ། མཐོ་སྒང་གི་གར་སྟབས”ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་བརྙན་འཕྲིན་
ཞབས་བྲོའི་འགྲན་སྡུར་སྤེལ་བ།
ཟླ9བའི་ཚེས1ནས་ཟླ11བའི་ཚེས10བར་དུ“མཚོ་སྔོན་གྱི་གཟི་དཔལ། མཐོ་སྒང་གི་གར་སྟབས”ཞེས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་བརྙན་འཕྲིན་ཞབས་བྲོའི་འགྲན་སྡུར་སྤེལ་ཞིང་། ཟླ་གཉིས་རིང་ལ་ཚ་ཚ་འུར་འུར་གྱིས་འགྲན་སྡུར་བྱས་མཐར་མཇུག་སྒྲིལ་ལ་ཉེ། སྐབས་འདིའི་འགྲན་སྡུར་གྱི་འགྲན་ཁུལ་གཙོ་བོ་མཚོ་སྔོན་བརྙན་འཕྲིན་ཁང་གི་འགྲེམ་སྟོན་ཚོམས་ཆེན་དུ་ཚོགས་པ་དང་། ཡན་ལག་འགྲན་ཁུལ་དེ་ཁུལ་དང་རྫོང་སོ་སོའི་མང་ཚོགས་སྒྱུ་རྩལ་གླིང་དང་གླུ་གར་ཁང་སོགས་སུ་ཚོགས། འགྲན་སྡུར་ཁྲོད་མཚོ་ལྷོ་དང་། མཚོ་བྱང་། རྨ་ལྷོ། མགོ་ལོག་སོགས་ཀྱི་འཁྲབ་སྟོན་མི་སྣ་རྣམས་ཀྱི་ཁྱད་ཆོས་གཟེངས་སུ་ཐོན་པའི་ཞབས་བྲོའི་འཁྲབ་སྟོན་གྱིས་དཔྱད་འདེམས་པ་རྣམས་ཀྱི་མིག་དབང་ཅིག་ཅར་དུ་འཕྲོག་ཅིང་རྒྱ་ཆེའི་ལྟད་མོ་བ་རྣམས་ཀྱི་གདེང་འཇོག་མཐོན་པོ་ཐོབ། ཁོང་ཚོའི་ཁྱད་དུ་འཕགས་པའི་ཞབས་བྲོའི་འཁྲབ་སྟོན་དེ་རྒྱ་ཆེ་བའི་མི་དམངས་མང་ཚོགས་ཀྱི་མིག་གི་ལོངས་སྤྱོད་དུ་གྱུར་པ་མ་ཟད། མི་རིགས་ཀྱི་ཞབས་བྲོའི་སྒྱུ་རྩལ་རིག་གནས་ཀྱི་འོད་སྟོང་འབར་བའི་མདུན་ལྗོངས་ཤིག་ཀྱང་ཀུན་གྱི་མཐོང་ལམ་དུ་མངོན།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་སྡུར་ནི་མཚོ་སྔོན་ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱིས་གཙོ་གཉེར་བྱས་ཤིང་། མཚོ་སྔོན་བརྙན་འཕྲིན་ཁང་དང་། མཚོ་སྔོན་ཞིང་ཆེན་རིག་གནས་ཁང་། མཚོ་སྔོན་ཞིང་ཆེན་ཞབས་བྲོ་བའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་འགན་སྒྲུབ་བྱས་པ་ཡིན། 《མཐོ་སྒང་གི་གར་སྟབས》ཞེས་པའི2011ལོའི་མཚོ་སྔོན་ཞིང་ཆེན་གྱི་སྐབས་དང་པོའི་བརྙན་འཕྲིན་ཞབས་བྲོ་འཁྲབ་སྟོན་ཚོགས་པ་འདིས་མཚོ་སྔོན་ཞིང་ཆེན་གྱི་ཞབས་བྲོའི་སྒྱུ་རྩལ་རིག་གནས་དར་སྤེལ་དང་། མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞབས་བྲོའི་སྒྱུ་རྩལ་གྱི་གཟི་དཔལ་མངོན་པ། དེ་མིན་ཞབས་བྲོ་ལ་སྤྲོ་བ་ཡོད་མཁན་རྣམས་ཕན་ཚུན་བརྗེ་རེས་བྱེད་པར་ཞབས་བྲོ་འཁྲབ་སྟོན་གྱི་སྟེགས་བུ་ཞིག་བསྐྲུན།
ཐེངས་འདིའི་འགྲན་སྡུར་ལ་གསེར་གྱི་རྟགས་མ་ཐོབ་མཁན་གཅིག་དང་བྱ་དགའ་སྒོར་ཁྲི་གསུམ་དང་། དངུལ་གྱི་རྟགས་མ་ཐོབ་མཁན་གཉིས་དང་བྱ་དགའ་སྒོར་ཁྲི་གཉིས། ཟངས་ཀྱི་རྟགས་མ་ཐོབ་མཁན་གསུམ་དང་བྱ་དགའ་སྒོར་ཁྲི་གཅིག་བཅས་སུ་ཕྱེས་ཡོད་པ་རེད། རྟིང་རྩོད་འགྲན་སྡུར་ཁྲོད་ཀྱི་ཕུལ་བྱུང་འགྲན་ཞུགས་པ་རྣམས་ལ་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་གནང་བའི་འཛིན་ཡིག་དང་བྱ་དགའ་ཡོད་ཅིང་། བྱ་དགའ་ཐོབ་པའི་བརྩམས་ཆོས་རྣམས2012ལོའི་ལོ་སར་དགོང་ཚོགས་ཀྱི་འཁྲབ་ཚན་ཏུ་གདམ་རྒྱུ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com