གཏེར་ལེན་ཁ་གྲོང་ཁྱེར་ནས་ཞོན་མིན་ཡཱང་གིས་རང་སྲོག་བློས་བཏང་ཏེ་བུ་མོ་ཞིག་སྐྱོབ་པའི་བྱས་རྗེས་བཞག་པ།

རྩོམ་པ་པོ།:བདེ་སྐྱིད་སྒྲོལ་མ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-14 11:32:00 ཀློག་གྲངས།:

          ཟླ11པའི་ཚེས5ཉིན་གྱི་ཕྱི་དྲོའི་དུས་ཚོད5ཡས་མས་སུ།  གཏེར་ལེན་ཁ་གྲོང་ཁྱེར་ཀན་ནན་སྡེ་བའི་སློབ་ཆུང་གི་ལོ་རིམ་དང་པའི་སློབ་མ་བཱང་ཅཱེ་གཏེར་ལེན་ཁ་གྲོང་ཁྱེར་ལྕགས་ལམ་ནུབ་ཁུལ་གྱི་སྡོད་ཁུལ་གྱི་རྐ་ཆའི་འགྲམ་ནས་རྩེད་མོར་རོལ་དུས། སྟབས་མ་ལེགས་པར་རྐ་ཆུའི་ནང་ལ་ལྷུང་། སྐབས་དེར་མཱང་ནེ་ནུབ་ལམ་དུ་འཆམ་འཆམ་དུ་འགྲོ་བཞིན་པའི་ཀྲེ་ཅང་ཀྲུང་ཁྲིན་སྡེ་ཚོགས་ཚད་ཡོད་ཀུང་ཟི་གཏེར་ལེན་ཁ་ཡན་ལག་ཀུང་ཟིའི་གཞུང་ལས་ཁང་གི་ཀྲུའུ་རིན་ཞོན་མིན་ཡཱང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་མྱུར་དུ་ཆུའི་ནང་ལ་མཆོངས་ནས་བུ་མོ་ཆུང་ཆུང་དེ་སྐྱོབ་ཐབས་བྱས།
          ཡིན་ཡང་རྒྱུག་དྲག་པའི་རྐ་ཆུའི་ཁྲོད་ཞོན་མིན་ཡཱང་དང་བུ་མོ་ཆུང་ཆུང་དེ་གཉིས་འཕྲལ་མར་རྐ་ཆུའི་བཞུར་རྒྱུད་བརྒྱུད་ནས་མར་ཁུར། ཕྱི་དྲོའི་དུས་ཚོད17:06སྟེང་གཏེར་ལེན་ཁ་གྲོང་ཁྱེར་ལ་ཉེན་བརྡ་འབྱོར་རྗེས། མེ་འགོག་དང་སྤྱི་བདེ། མང་ཚོགས་བཅས་མྱུར་དུ་རྩ་འཛུགས་བྱས་ནས་མྱུར་འཚོལ་བྱས། ཕར་ཆེར་ཕྱི་དྲོའི་དུས་ཚོད17:50སྟེང་། ཀ་ཧེ་གྲོང་བརྡལ་ཉེ་འགྲམ་ཀྱི་རྐ་ཆུའི་ཁྲོད་ན་མཱིན་ཅཱིན་དང་བཱང་ཅཱེ་གཉིས་ཀྱི་ཆུའི་ནང་ནས་ཕྱིར་བླངས་ཏེ་མཚོ་ནུབ་མི་དམངས་སྨན་ཁང་ནས་མྱུར་སྐྱོབ་བྱས། མྱུར་སྐྱོབ་བྱས་པ་བརྒྱུད། བཱང་ཅཱེ་ཚེ་ལས་འདས་པ་དང་ཞོན་མིན་ཡཱང་ཡང་མྱུར་སྐྱོབ་བྱས་ཀྱང་ཕན་མ་ཐོགས་པར་ཕྱི་དྲོའི་དུས་ཚོད18:50སྟེང་ཚེ་ལས་འདས།
          ཞོན་མིན་ཡཱང་གིས་རང་སྲོག་བློས་ནས་མི་སྐྱོབ་པའི་བྱས་རྗེས་ལ་མཚོ་ནུབ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་པས་མཐོང་ཆེན་བྱས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཞིན་གོ་ཕིན་གྱིས་བློ་མཐུན་ཞོན་མིན་ཡཱང་གི་ཁྱིམ་མི་སྣེ་ལེན་དང་སེམས་གསོ་བྱེད་པའི་བྱ་བ་ལེགས་པོ་བསྒྲུབ་དགོས་པར་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད། ཁུལ་ཡོངས་ནས་བློ་མཐུན་ཞོན་མིན་ཡཱང་ལ་སློབ་སྦྱོང་བྱེད་པ་བརྗོད་བྱར་བཟུང་ནས་སློབ་གསོའི་བྱ་འགུལ་སྤེལ་བའི་ཕྱོགས་ལ་ཡང་མཛུབ་སྟོན་གལ་ཆེན་གནང་། དེ་མིན་ལས་བྱེད་མང་ཚོགས་ཡོངས་ཀྱིས་བློ་མཐུན་ཞོན་མིན་ཡཱང་གི་གཅེས་སེམས་འབུལ་བ་དང་། རང་སྲོག་བློས་ཕོད་པའི་བྱས་རྗེས་ལ་སློབ་སྦྱོང་བྱེད་པར་འབོད་སྐུལ་བཏང་། ཟླ11པའི་ཚེས8ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་སྣ་རྩ་འཛུགས་བྱས་ཏེ་བློ་མཐུན་ཞོན་མིན་ཡཱང་གི་ཡུལ་མི་ལ་འཚམས་འདྲི་དང་སེམས་གསོ་བྱས།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།