ཁོར་ཡུག་སྲུང་སྐྱོང་བརྗོད་བྱ་རུ་བཟུང་བའི་གངས་ཐིགས་བོད་ཡིག་དྲ་རྒྱ།
གངས་ཐིགས་བོད་ཡིག་དྲ་རྒྱ།
གངས་ཐིགས་དྲ་རྒྱ་ནི་ཁོར་ཡུག་སྲུང་སྐྱོབ་བརྗོད་བྱ་རུ་བཟུང་བའི་བོད་ཡིག་དྲ་རྒྱ་ཞིག་ཡིན་ཞིང་། རྨ་ཆུའི་འབྱུང་ཡུལ་བོད་རིགས་སྐྱེ་ཁམས་རིག་གནས་དང་ལུས་ཁམས་བདེ་སྲུང་མཐུན་ཚོགས་ཀྱིས2010ལོའི་ཟླ12པའི་ཚེས28ཉིན་དངོས་སུ་བཙུགས་ནས་བེད་སྤྱོད་བྱས་པ་དང་། དྲ་རྒྱ་འདི་ལ་སྐབས་དོན་དང་། ལུས་ཁམས་བདེ་སྲུང་། སྐྱེ་ཁམས། རིག་གནས་སློབ་གསོ། རྩོམ་རིག(སྙན་རྩོམ་ཁ་བ་རང་འབབ། ལྷུག་རྩོམ་གཙང་བོའི་བཞུར་སྒྲ། དཔྱད་རྩོམ་ཆུ་དྭངས་ནོར་བུར།)སོགས་ལེ་ཚན་དུ་མ་ཡོད་ཅིང་། གཙོ་ཆེར་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤེས་བྱ་ཁྱབ་སྤེལ་བྱེད་པ་དེ་ཡིན།
སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་དུས་དེབ《རྨ་རྒྱལ་གངས་ཐིགས》།
དེ་དང་ཆབས་ཅིག་ཏུ་རྨ་ཆུའི་འབྱུང་ཡུལ་བོད་རིགས་སྐྱེ་ཁམས་རིག་གནས་དང་ལུས་ཁམས་བདེ་སྲུང་མཐུན་ཚོགས་ཀྱིས་ད་དུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཆེད་ལས་དུས་དེབ《རྨ་རྒྱལ་གངས་ཐིགས》ཞེས་པ་རྩོམ་སྒྲིག་བྱེད་ཅིང་། གངས་ཐིགས་དྲ་བའི་རྩོམ་རིག་ལེ་ཚན་དང་ལྟོས་ཟླ་རུ་གྲུབ་ཡོད།
དྲ་རྒྱ་འདིས་རྒྱ་ཆེ་བའི་རོང་འབྲོག་མང་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་འདུ་ཤེས་མཐོར་འདེགས་དང་། མི་རྣམས་ཁོར་ཡུག་སྲུང་སྐྱོབ་ལ་ཟབ་ཞུགས་བྱེད་པར་རྟིང་སྐུལ་གྱི་ནུས་པ་ཆེན་པོ་འདོན་གྱིན་ཡོད་པ་རེད།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com