མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་ཚེ་འཕེལ་རྡོ་རྗེ་ལགས་སྐུ་གཤེགས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-17 11:46:00 ཀློག་གྲངས།:

 
མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པའམ་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཚེ་འཕེལ་རྡོ་རྗེ་མཆོག

           ཟླ11པའི་ཚེས14ཉིན་གྱི་དགོང་མོའི་ཆུ་ཚོད10:10སྟེང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པའམ་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ། སྔོན་ཡུལ་ཤུལ་ཁུལ་དམངས་ཆེན་གྱི་ཀྲུའུ་རིན་ཚེ་འཕེལ་རྡོ་རྗེ་ལགས་ལ་སྙུང་ནད་ལྕི་མོ་ཕོག་སྟེ་བཅོས་ཐབས་མ་བྱུང་བར་ཟི་ལིང་དུ་སྐུ་གཤེགས་ཤིང་།  དགུང་ལོ73ཡིན། 
           ཚེ་འཕེལ་རྡོ་རྗེ་ལགས་རྒྱལ་ཁབ་དང་མི་རིགས་ལ་དགའ་ཞེན་ཆེ་ཞིང་།  མི་གཤིས་ལེགས་ཤིང་དྲང་བདེན་སྲུང་བ་དང་།  ལས་ལ་བསམ་གཞིག་བྱེད་པར་མོས་པ་དང་ནན་ཏན་གྱི་མི་ཞིག་ཡིན།   ལས་འཁྱུར་བྱས་རྗེས།  མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་བྱ་བར་ཞུགས་ཏེ་མཚོ་སྔོན་བོད་དབྱིན་གསོ་སྦྱོང་སློབ་གྲྭ་འཛུགས་པ་དང་།  ཟི་ལིང་ས་ཁུལ་དུ་ཡུལ་ཤུལ་གྱི་སྐོར་བྲོ་ཁྱབ་བསྒྲགས་བྱེད་པ། ཡུལ་ཤུལ་ཁུལ་གླུ་གར་རིག་གནས་འཚོལ་བསྡུ་དང་སྔོག་འདོན།  ལེགས་སྒྲིག་སོགས་བྱེད་པའི་ཐད་ལ་མཛད་རྗེས་མི་དམན་པ་བཞག་ཡོད། 


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།