རྒྱུད་དྲུག་པི་ཝང་གི་དབྱངས་རྟ། རྡུང་ལེན་སྒྱུ་རྩལ་གྱི་གཟི་དཔལ།
འགྲན་ཞུགས་པས་འཁྲབ་སྟོན་བྱེད་བཞིན་པ།
ཉེ་ཆར། སི་ཁྲོན་ཁྱུང་མཆུ་རྫོང་གིས་མི་རིགས་སྲིད་ཇུས་བཟང་བོའི་སྐལ་བ་ལོངས་སུ་སྤྱད་དེ། མི་རིགས་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་དང་གཞི་རིམ་མང་ཚོགས་ཀྱི་འཚོ་བའི་ལོངས་སྤྱོད་ཕུན་སུམ་ཚོགས་པར་གཏོང་བའི་ཕྱིར་ཏུ། ཆེད་དུ་ཁོད་ཡངས་པའི་ཞིང་ཁ་དང་རྒྱ་ཆེ་བའི་འབྲོག་སའི་མཁའ་དབྱིངས་ན་ལྷོད་ཀྱིས་འཕུར་བའི་ལྷད་ཀྱིས་མ་གོས་ཤིང་དྲི་མས་མ་བསླད་པའི་ཡིད་ཀྱི་གསོས་སུ་སྨིན་ལ་རྣ་བའི་བདུད་རྩིར་འཁྱིལ་བའི་སྙན་འཇེབས་ཀྱི་སྐད་ངག་དག་གནས་གཅིག་ཏུ་འདུ་བར་ཆ་རྐྱེན་བསྐྲུན་ཏེ། སྐབས་དང་བོའི་དབྱངས་ཅན་མ་རྟགས་མའི་དམངས་ཁྲོད་རྡུང་ལེན་འགྲན་ཚོགས་སྤེལ་བ་རེད།
འགྲན་ཞུགས་པར་བྱ་དགའ་གནང་བ།
སྐབས་འདིའི་འགྲན་ཚོགས་སུ་རྨ་ཆུ་དང་། མཛོད་དགེ། འཛམ་ཐང་། རྔ་བ། ཁྱུང་མཆུ་སོགས་ས་ཁུལ་སོ་སོ་ནས་ཡོང་བའི་དམངས་ཁྲོད་རྡུང་ལེན་པ་མང་བོ་སྤྲིན་གྱི་ཚོགས་བཞིན་འདུས་ཤིང་། ཁོ་ཚོ་ཐེངས་འདིར་རྡུང་ལེན་འགྲན་ཚོགས་སུ་ཞུགས་པའི་དམིགས་ཡུལ་གཙོ་བོ་ནི། མི་རིགས་སྲོལ་རྒྱུན་གྱི་རིག་གནས་ཉིང་བཅུད་ཀྱིས་ཕྱུག་ཅིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་རྡུང་ལེན་འགྲན་ཚོགས་འདི་ལྟ་བུར་ཞུགས་པར་དོན་སྙིང་བླ་ན་མེད་པ་ལྡན་ཞིང་། དེ་ལས་ཀྱང་དགའ་འོས་པ་ཞིག་ནི་རྡུང་ལེན་འགྲན་ཚོགས་ཀྱི་རྣམ་པ་འདི་བརྒྱུད་ནས་མི་རིགས་རིག་གནས་ཀྱི་སྙིང་སྟོབས་དར་སྤེལ་དང་རང་གི་སྤུན་ཟླ་ལ་སྙན་མོ་ངག་གི་མཆོད་པ་འབུལ་རྒྱུ་དེ་ཡིན་པ་རེད།
དམངས་ཁྲོད་རྡུང་ལེན་འགྲན་ཚོགས་ལ་ལྟ་མཁན་གྱི་ལྟད་མོ་བའི་ཚོགས།
-
暂无相关信息roking
འབྲེལ་གཏུག་ཁ་པར།:0974-8512858
འཕྲིན་སྐུར་ཡིག་ཟམ།:amdotibet@163.com