“མཚོ་ལྷོའི་སྐྱེས་བུ་ཡ་རབས་ཅན” ཞེས་པའི་སྤྱི་ཕན་བྱ་འགུལ་ཆེན་མོ་སྤེལ་འགོ་བརྩམས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-18 12:08:00 ཀློག་གྲངས།:
  མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་དཔལ་ཡོན་གསར་སྐྲུན་བྱ་བ་དང་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་གྱི་འཛུགས་སྐྲུན་དང་། འབྱོར་ཕྱུག་དང་འཆམ་མཐུན་གྱི་མཚོ་ལྷོ་གསར་བ་འཛུགས་སྐྲུན་བྱེད་པར་དམིགས་ནས་མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་དཔལ་ཡོན་འཛུགས་སྐྲུན་གཞུང་ལས་ཁང་གིས་ཟི་ལིང་དགོང་ཚགས་དང་མཚོ་ལྷོའི་ཚགས་པར་གཉིས་ལ་མཉམ་འབྲེལ་བྱས་ནས“མཚོ་ལྷོའི་སྐྱེས་བུ་ཡ་རབས་ཅན”གྱི་སྤྱི་ཕན་བྱ་འགུལ་ཆེན་མོ་སྤེལ་འགོ་བརྩམས།
  ཐེངས་འདིའི“མཚོ་ལྷོའི་སྐྱེས་བུ་ཡ་རབས་ཅན”འཚོལ་བའི་མཚམས་སྦྱོར་ཆ་རྐྱེན་གྱི་ཐད་ནས་དཔའ་མཛངས་སྙིང་སྟོབས་ཅན་དང་། གཞན་དོན་ལྷུར་ལེན་མཛད་པའི་མི་བཟང་། ལས་མགུར་ལས་བརྩོན་གྱི་དཔེ་ལེགས་ཅན། རྒན་བཀུར་ཆུང་བྱམས་ཀྱི་མིག་དཔེ། དབང་བོར་སྐྱོན་ཡོད་ཀྱང་བློ་ཐག་བརྟན་པོའི་སྐྱེས་བུ་དམ་པ། འཚོ་བ་དང་བྱ་བའི་ཁྲོད་ང་ཚོར་སེམས་འགུལ་ཐེབས་པར་མ་ཟད། རང་དོན་རིས་སུ་བོར་ནས་ང་ཚོར་མཐུན་རྐྱེན་གང་ལེགས་བསྐྲུན་པའི་བྱང་སེམས་ཅན་བཅས་ཀྱི་ཡོན་ཏན་ལྡན་པ་ཞིག་ཡིན་དགོས་སོ།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།