སྐབས་དང་པོའི་མཚོ་མོ་ངང་ལག་རིང་པོའི་བྱ་གླིང་བརྙན་ཕབ་དུས་ཆེན་གྱི་བྱ་དགའ་གནང་བའི་མཛད་སྒོ་བསྡུས་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-24 10:42:00 ཀློག་གྲངས།:
  ཉེ་སྔོན། མངའ་རིས་རུ་ཐོག་རྫོང་དུ་སྐབས་དང་པོའི་མཚོ་མོ་ངང་ལག་རིང་པོའི་བྱ་གླིང་བརྙན་ཕབ་དུས་ཆེན་གྱི་བྱ་དགའ་གནང་བའི་མཛད་སྒོ་བསྡུས། རུ་ཐོག་རྫོང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བ་དང་བྱ་དགའ་ཐོབ་མཁན་རྣམས་མཛད་སྒོར་ཞུགས།
  རྒྱུས་ལོན་བྱུང་བ་ལྟར་ན་སྐབས་འདིའི་མཚོ་མོ་ངང་ལག་རིང་པོའི་བྱ་གླིང་བརྙན་ཕབ་དུས་ཆེན་གྱིས་ཕན་ཚུན་བརྗེ་རེས་བྱེད་པ་དགོངས་སྙིང་དུ་བྱས་པ་དང་། རུ་ཐོག་རྫོང་གི་རང་བྱུང་མཛེས་ལྗོངས་དང་། དམངས་སྲོལ་རིག་གནས། ཐོན་ཁུངས་གྱ་ནོམ་པ། དཔལ་འབྱོར་རིག་གནས་འཕེལ་རྒྱས་བཅས་ཀྱི་འཕོ་འགྱུར་གསར་བ་རྒྱབ་ལྗོངས་སུ་བྱས་ཏེ་གནས་སྐོར་བ་གང་མང་ཡུལ་དེར་དགུག་པ་ཡིན། ཐེངས་འདིའི་བརྙན་ཕབ་འགྲན་སྡུར་ཁྲོད་ཁྱོན་བསྡོམས་འགྲན་ཞུགས་པ19དང་། འགྲན་ཞུགས་བརྩམས་ཆོས170ལྷག་ཡོད་པ་རེད། དཔྱད་འདེམས་པ་རྣམས་ཀྱིས་དཔྱད་སྡུར་བྱས་མཐར་ཨང་དང་པོ1དང་། ཨང་གཉིས་པ3དང་།  ཨང་གསུམ་པ3དང་། ཕུལ་བྱུང་ཅན9བཅས་བདམས་པ་རེད།
  ཐེངས་འདིའི་བྱ་འགུལ་བསྡུས་པ་བརྒྱུད་ཕྱི་ཕྱོགས་སུ་རུ་ཐོག་ཁྱབ་སྒྲོག་དང་མཚམས་སྦྱོར་བྱེད་པར་དགེ་མཚན་དོད་པོ་ལྡན་པར་མ་ཟད། ཐེངས་རྗེས་མའི་བརྙན་ཕབ་འགྲན་སྡུར་བསྡུ་བར་རྨང་ལེགས་པོ་བཏིངས་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།