ཀྲུང་གོའི་བོད་ཀྱི་གཞས་ཚོགས་ཀྱིས་རང་ས་གནས་ལ་རྐང་ཚུགས་ཏེ་ལེ་ཚན་ལ་ལྷད་མེད་ཀྱི་ཁྱད་ཆོས་བསྣན་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-25 10:39:00 ཀློག་གྲངས།:


ཀྲུང་གོའི་བོད་ཀྱི་གཞས་ཚོགས་ཀྱི་འགྲན་ཞུགས་པ་རྣམས་ཀྱིས“ཁུ་བྱུག་གསུང་སྙན”ཞེས་པའི་
བརྗོད་དོན་གླུ་དབྱངས་ལེན་བཞིན་པ།

  2011ལོའི་ཟླ11བའི་ཚེས24ཉིན། སི་ཁྲོན་བརྙན་འཕྲིན་ཁང་གིས་གཙོ་སྒྲུབ་བྱས་པ་དང《ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན》དུས་དེབ་ཁང་གིས་འགན་སྒྲུབ་བྱས་པའི“ཁུ་བྱུག་གསུང་སྙན”ཞེས་པའི་ཀྲུང་གོའི་བོད་ཀྱི་གཞས་ཚོགས་དེའི་རིག་གནས་གསར་གཏོད་སྣང་ཚུལ་གྱི་གྲོས་ཞིབ་ཚོགས་འདུ་པེ་ཅིང་དུ་བསྡུས།
  ཀྲུང་གོའི་རྒྱང་སྒྲོག་བརྙན་འཕྲིན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་ཀྲུང་ཧྭའི་རྒྱང་སྒྲོག་གློག་བརྙན་འཕྲིན་བརྗེ་རེས་མཐུན་ཚོགས་ཀྱི་ལས་འཛིན་པ་ཀྲང་ཀྲིན་ཧྭས་བཤད་རྒྱུར། 《ཀྲུང་གོའི་བོད་ཀྱི་གཞས་ཚོགས》ཀྱིས་རང་ས་གནས་ལ་རྐང་བཙུགས་ཏེ་རྒྱལ་ཡོངས་སུ་ཕྱོགས་པའི་རྒྱལ་ཁ་ཆེན་པོ་ཐོབ་པ་དང་མཉམ་དུ། ལེགས་འདེམ་ལེ་ཚན་རིགས་ལ་དག་གཙང་གི་དགེ་མཚན་ཞིག་བསྣན་ཡོད་ཅེས་ཟེར།
   ཐེངས་འདིའི་གྲོས་ཞིབ་ཚོགས་འདུ་ལ་ཞུགས་པའི་ཆེད་མཁས་པ་རྣམས་ཀྱིས་བཤད་རྒྱུར《ཀྲུང་གོའི་བོད་ཀྱི་གཞས་ཚོགས》ཞེས་པའི་ལེ་ཚན་འདིས་བོད་གཞས་དང་འདྲ་བར་ལྷད་མེད་དང་བབ་ཆགས་ཀྱི་ཁྱད་ཆོས་དོད་པོ་གཞི་བྱས་ཐོག་རྒྱལ་ཡོངས་སུ་རྒྱལ་ཁ་ཆེན་པོ་ཐོབ་པ་རེད་ཅེས་ཀུན་གྱིས་བསྟོད་པའི་མེ་ཏོག་འཕྱོར།
  རྒྱུས་ལོན་བྱུང་བ་ལྟར་ན། 2011ལོར་སི་ཁྲོན་བརྙན་འཕྲིན་ཁང་གིས་སྤེལ་བའི《ཀྲུང་གོའི་བོད་ཀྱི་གཞས་ཚོགས》ལ“ཆེས་རྣལ་མའི་ལེགས་འདེམ་ལེ་ཚན”ཞེས་པའི་མཚན་སྙན་གསོལ་ཞིང་། སྙན་གྲགས་ཅན་གྱི་དཔྱད་འདེམས་པའི་ཚོགས་དང་། འདྲ་མཉམ་དྲང་བཞག་གི་འགྲན་ལུགས། ལྷག་སེམས་རྣམ་པར་དག་པའི་འགྲན་ཞུགས་པ། སྒྲོ་འདོགས་ཀྱི་ལྷད་གང་ཡང་མ་ཞུགས་པ་བཅས་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གཟེངས་སུ་ཐོན་ཞིང་གཟིགས་མོ་བའི་ཚོགས་ཀྱི་གདེང་འཇོག་མི་དམན་པ་ཐོབ་ཡོད་པ་རེད།


འབྲེལ་ཡོད་འོས་སྦྱོར།
    暂无相关信息roking

འབྲེལ་གཏུག་ཁ་པར།:0974-8512858

འཕྲིན་སྐུར་ཡིག་ཟམ།:amdotibet@163.com

མཚོ་སྔོན་པོའི་ཞོགས་ཟེར།